ལྕམ་ནན་སི་པེ་ལོ་སི་ལ་རང་དབང་སྲུང་སྐྱོབ་པའི་གཟེངས་རྟགས་ཕུལ།

ཝི་ཅིན་ཧྲིན་ཐེབས་རྩ་ཚོགས་པས་ལྕམ་ནན་སི་པེ་ལོ་སི་དང་གཞན་མི་གཅིག་ལ་“འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་པའི་གཟེངས་རྟགས་”ཕུལ་ཡོད་པ་དང་། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ཡོད་འདུག

wenagཟླ་༢ ཚེས་༡༡ རེས་གཟའ་ཕུར་བའི་ཉིན་གྱི་ཕྱི་དྲོར། ཨ་རིར་ཡོད་པའི་ཝི་ཅིན་ཧྲིན་ཐེབས་རྩ་ཚོགས་པས་གཙོ་སྐྱོང་བྱས་པའི་སྐབས་གཉིས་པའི་“འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་གཟེངས་རྟགས་”ཀྱི་མཛད་སྒོ་དེ་ཨ་རིའི་གྲོས་ཚོགས་འོག་མའི་རཱེན་བྷར་ཚོགས་ཁང་དུ་བསྡུས་ཡོད་པ་དང་། ཐེངས་དེའི་གཟེངས་རྟགས་ཐོབ་མཁན་ནི་ཨ་རིའི་གྲོས་ཚོགས་འོག་མིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་པེ་ལོ་སི་དང་། གཞུང་འབྲེལ་མིན་པའི་སྒྲིག་འཛུགས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གསར་འཛུགས་གནང་མཁན་རཱོ་བྷར་ཊི་བྷར་ནི་སི་ཊན་(Robert Bernstein) ལགས་གཉིས་ཡིན་པ་རེད།

ལྕམ་ནན་སི་པེ་ལོ་སི་ཡིས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས། “བོད་མི་རྣམས་ལ་རང་གི་རིག་གཞུང་དང་དད་མོས་ལག་བསྟར་བྱས་ཏེ་གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་སྒྲིག་བཤམ་བྱས་པའི་རྐྱེན་གྱིས་ཁྲིམས་ཆད་ཕོག་པའི་སྐབས་སམ། ཡང་ན་རྒྱ་ནག་མི་སེར་དང་ཁྲིམས་རྩོད་པ་འདྲ་མཉམ་མིན་པའི་ཐོག་ནས་བཀག་ཉར་བྱེད་པའི་སྐབས། ང་ཚོ་ངེས་པར་མདུན་ལ་ཐོན་ཏེ་རང་དབང་སྲུང་སྐྱོབ་པ་ཞིག་བྱས་དགོས་ལ། འགྲོ་བ་མིའི་ཐོབ་ཐང་ནི་རང་དབང་གཞན་དག་ཡོད་ཚད་ཀྱི་འགན་སྲུང་ཡིན་ཞིང་། དེ་ལ་བསྐྱར་ཞིབ་བྱས་པ་ནི་བག་འཁུམ་པའི་བྱ་སྤྱོད་ཅིག་རེད།

ཝི་ཅིན་ཧྲིན་གྱིས་བརྗོད་དོན། ཕྱི་རྒྱལ་ཁྱབ་ཀྱི་མི་སྣ་ཤིན་ཏུ་མང་པོ་ཞིག་གིས་འདས་པའི་ལོ་བཅུ་ཕྲག་ཀརིང་རྒྱ་ནག་གི་མང་གཙོའི་བྱ་གཞག་ལ་རྒྱབ་སྐྱོར་བྱས་པ་མ་ཟད། དེའི་ཆེད་དུ་སྐུ་ལས་བསྐྱོན་ཏེ་ལེགས་སྐྱེས་གྱ་ནོམ་པ་ཕུལ་ཡོད་ཅིང་། ཐེངས་འདིའི་གཟེངས་རྟགས་བརྒྱུད་དེ་ཁོང་རྣམས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ལེགས་འབུལ་ཞིག་མཚོན་པའི་རེ་བ་ཡོད།

ཝི་ཅིན་ཧྲིན་ཐེབས་རྩ་ཚོགས་པའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་ཕེབས་ཏེ་གསུངས་བཤད་གནང་ཡོད་པ་དང་། དེའི་ཁྲོད་ཨ་རིའི་གྲོས་ཚོགས་ཀྱི་ཨེ་ཤི་ཡའི་རིགས་རྒྱུད་ཚོགས་པའི་ཚོགས་གཙོ་དང་གྲོས་ཚོགས་འོག་མའི་འཐུས་མི་ཀྲའོ་མེན་ཞིན་དང་། གྲོས་ཚོགས་འོག་མའི་ཊམ་ལཱན་ཁྲོ་སི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་རྗེམ་སི་མེ་ཁི་གྷོ་ཝར་ནི་(James McGovern)སོགས་ཡོད་འདུག

lobsangay withདབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོོང་བློ་བཟང་སེང་གེ་མཆོག་གིས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ལྕམ་ནན་སི་པེ་ལོ་སི་ལ་མཇལ་དར་ཕུལ་པ་མ་ཟད། སྲིད་སྐྱོང་མཆོག་གིས་ལྕམ་ནན་སི་པེ་ལོ་སི་དང་སྐུ་ཞབས་ཝི་ཅིན་ཧྲིན་རྣམ་གཉིས་གཅིག་མཚུངས་ལྟར། སྙིང་སྟོབས་ཞུམ་པ་མེད་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་མི་སྣ་ཡིན་ལ། ལྷག་པར་དུ་ལྕམ་ནན་སི་པེ་ལོ་སི་ལགས་ཀྱིས་བོད་ཀྱི་རང་དབང་ཆེད་དུ་འབད་བརྩོན་མང་པོ་གནང་ཡོད་སྐོར་བརྗོད་ཡོད་པ་རེད།

མཛད་སྒོའི་ཐོག་ཕེབས་ཏེ་གསུང་བཤད་གནང་མཁན་གྱི་ཁྲོད་དུ་ད་དུང་རྒྱལ་སྤྱིའི་བོད་དོན་འགུལ་ཁང་ཚོགས་གཙོ་མཱེ་ཁྲེའོ་མཱེ་ཁ་ཆི་(Matteo Mecacci) ལགས་དང་། ཨ་རིའི་རྒྱལ་ཁབ་མང་གཙོ་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཁཱལ་གྷར་ཤི་མན། (Carl Gershman) ཡུ་རོབ་གྲོས་ཚོགས་ཀྱི་ཨ་རིིར་བཅའ་སྡོད་ཨ་རིའི་གྲོས་ཚོགས་གཞུང་ལས་ཁུངས་ཀྱི་འགན་འཛིན་ཨན་ཁྲོའོ་ནི་རི་ཕོལ།(Antoine Ripoll) རང་དབང་ཁང་གི་ཤར་ཨེ་ཤི་ཡའི་མཐོ་རིམ་ཉམས་ཞིབ་པ་སཱ་ར་ཁུ་ཁི་(Sarah Cook) སོགས་ཕེབས་ཡོད་འདུག།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share this:
༩༨ ཀློག་གྲངས།