བོད་མི་འགས་རྒྱ་གཞུང་གི་མི་སྣར་སྣེ་ལེན་བྱས་པ།

ལྷག་དོན་དུ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བོད་ཐོག་ལ་འཛིན་པའི་སྲིད་བྱུས་དེ་ག་རེ་རེད་ཟེར་ན། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་དེ་གཏོར་བཤིག་གཏོང་རྒྱུ་དང། དེའི་ནང་དུ་རྙོག་དྲ་བཟོ་རྒྱུ། དུམ་བུར་བཏང་སྟེ་ནུས་པ་མེད་པ་བཟོ་རྒྱུའི་ལངས་ཕྱོགས་དེ་ཡོངས་གྲགས་ཀྱིས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་རེད།
འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ལས་བྱེད་བོད་མི་ཚོ་ཡིན་ན་ཡང། ལས་འགན་དེ་སྤྲད་དེ་ཕྱི་ལོགས་སུ་གཏོང་གི་ཡོད་རེད་མ་གཏོགས། རྒྱ་བོད་གཉིས་བར་དུ་མཐུན་སྒྲིལ་ཡོང་ཆེད་དང། དཀའ་ངལ་སེལ་ཆེད་དུ་གཏོང་གི་ཡོད་མ་རེད། ལས་འགན་དེ་འདྲ་ཡོད་པའི་རྒྱ་ནག་གི་ལས་བྱེད་བོད་རིགས་ཡིན་ནའང། ང་ཚོས་རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་རིགས་ཚོས་དགའ་ཚོར་བྱས་ནས་འབྲེལ་བ་བྱས་པ་དེ་ཆབ་སྲིད་ཀྱི་ནོར་འཕྲུལ་ཆེན་པོ་རེད། ང་ཚོ་ཚང་མ་ཡུ་རོབ་ཀྱི་ལུང་པ་འདྲ་མིན་ནང་དུ་ཆབ་སྲིད་ཀྱི་སྐྱབས་བཅོལ་དུ་སླེབས་པ་རེད། དེའི་རྒྱུ་མཚན་ནི་བོད་མི་ཞིག་ཡིན་པའི་ངོས་ནས་བོད་དུ་བསྡད་པ་ཡིན་ན། འགྲོ་བ་མིའི་ཐོབ་ཐང་མེད་པ་དང། ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་མི་ཐུབ་པ། ལག་བསྟར་བྱེད་མི་ཐུབ་པར་བརྟེན་སོ་སོའི་ལུང་པའི་ནང་དུ་རྒྱ་གཞུང་གི་བཙན་དབང་འོག་གནས་མི་ཐུབ་པའི་གནས་ཚུལ་ཞིག་གིས་བོད་བཞག་ནས་ཕྱི་ལ་ཡོང་བ་རེད། བོད་མི་མང་ཆེ་བ་ད་དུང་རྒྱ་གཞུང་གི་བཙན་གནོན་འོག་མུ་མཐུད་གནས་ཡོད། འབྱུང་འགྱུར་བོད་ཀྱི་མདུན་ལམ་གྱི་ཆེད་དུ་བྱས་རྗེས་འཇོག་མ་ཐུབ་ཀྱང། གནོད་འཚེའི་རིགས་མི་ཡོང་བའི་དམ་བཅའ་བརྟན་པོ་འཛིན་རྒྱུ་དེ་ནི་བོད་མི་ཚང་མའི་འོས་འགན་རེད་ཅེས་གསུངས་འདུག
དེ་བཞིན་སུད་སིར་གནས་བཞུགས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་འགྲུབ་ལགས་ཀྱིས་སུད་སིར་ཡོད་པའི་བོད་མི་ལྷན་འཛོམས་ཐོག་ནན་གསུང་གནང་དོན། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་མི་སྣ་བོད་མི་ཁག་ཅིག་འདིར་འབྱོར་དུས་འདིར་ཡོད་པའི་བོད་པ་ཁ་ཤས་ཀྱི་སྣེ་ལེན་བྱས་འདུག རྒྱ་མིའི་གཞུང་དང་སྲིད་བྱུས་དང་འབྲེལ་བ་ཡོད་པ་དེ་ཚོར་སྣེ་ལེན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་ཞིག་རེད། བོད་རྒྱ་ཞི་མོལ་གྱི་ཐོག་ལ་དམིགས་བསལ་སྐུ་ཚབ་གཉིས་ཀྱིས་ཕྱག་ལས་གནང་གི་ཡོད་རེད། དོན་རྐྱེན་འདིའི་རིགས་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་འཚེ་གཏོང་བའི་གཞི་རྩ་ཞིག་ཡིན་པར་བརྟེན། ཚང་མས་རང་ཚུགས་བཟུང་ནས་བོད་མི་རིགས་ཀྱི་ལ་རྒྱ་བརྟན་པོ་འཛིན་དགོས་སྐོར་གསུངས་ཡོད་པ་རེད།།

Share this:
༣༧ ཀློག་གྲངས།