མདོ་སྨད་དྲ་རྒྱ་གསར་པ།

ཞོགས་པ་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་དབུ་འབྱེད་མཛད་སྒོ་འགོ་འཛུགས་བྱས་པ་དང། མདོ་སྨད་ཆོལ་ཁའི་ཚོགས་གཙོ་སྤྱི་འཐུས་ཡེ་ཤིས་སྒྲོལ་མ་ལགས་ཀྱིས་དྲ་རྒྱ་བཟོ་དགོས་པའི་དམིགས་ཡུལ་སྐོར་གསུངས་པ་དང། དྲུང་ཆེ་རྒྱ་རིག་ཐར་ལགས་ཀྱིས་དྲ་རྒྱ་དེའི་ནང་དོན་ཁག་ངོ་སྤྲོད་གནང་ཡོད་པ་རེད། དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་དང། བཀའ་ཟུར་ཨ་ལགས་འཇིགས་མེད་མཆོག མདོ་སྨད་སྤྱི་འཐུས་ཟླ་བ་ཚེ་རིང་བཅས་ཀྱིས་དྲ་རྒྱ་དང་འབྲེལ་བའི་གསུང་བཤད་གནང་བ་དང། མ་འོངས་པར་ཡར་རྒྱས་གཏོང་དང་མཇུག་སྐྱོང་ཡོང་ཐབས་སྐོར་གསུངས་ཡོད་པ་རེད།
དྲ་རྒྱ་དེའི་ནང་མདོ་སྨད་སྤྱི་བཤད་དང། དབུ་མའི་ལམ་གྱི་སྐོར་གྱི་ཡིག་ཆ། རྒྱ་ནག་ངོ་སྤྲོད། ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་གནས་ཚུལ། བཙན་བྱོལ་བོད་གཞུང། ༧གོང་ས་མཆོག་གི་བཀའ་སློབ། དོ་རྒྱལ་སྐོར་གྱི་ཡིག་ཆ། མདོ་སྨད་ཡོངས་ཀྱི་ལོ་རྒྱུས་མདོར་བསྡུས། ས་ཁྲ། ཡུལ་སྲོལ་གོམས་གཤིས། དགོན་སྡེ་ཁག་ངོ་སྤྲོད། མི་སྣ་གལ་ཆེན་ཁག་ངོ་སྤྲོད་སོགས་ཀྱི་ལེ་ཚན་ཡོད་པ་དང། མ་འོངས་པར་ལེ་ཚན་དེ་དག་ལ་ཁ་སྐོང་དགོས་རིགས་དང། ཚགས་ཚུད་དུ་གཏོང་རྒྱུ་སོགས་ལ་འབད་བརྩོན་བྱེད་འཆར་ཡོད་པ་རེད།།http://www.dhomay.net/

Share this:
༥༣ ཀློག་གྲངས།