བོད་ནང་གནམ་གཤིས་སྔོན་བརྡ་བྱེད་པའི་རྩི་ཤིང་རིགས་གསར་རྙེད།

རྒྱ་ནག་དང་ཡུ་རོབ་ཀྱི་ཚན་རིག་པས་མཉམ་ལས་ཐོག རྒྱ་གར་གྱི་ཆར་དུས་ག་དུས་འགོ་བཙུགས་པའི་གནམ་གཤིས་སྔོན་བརྡ་བྱེད་པའི་ནུས་ལྡན་རྩི་ཤིང་རིགས་ཁ་ཤས་བོད་ནང་དུ་ཡོད་པ་ར་སྤྲོད་བྱས་འདུག

1276དེ་ཡང་ཟླ་འདིའི་ཚེས་༢༥ ཉིན་གྱི་ལྷོ་རྒྱ་ནག་གི་ཞོགས་ཕྲིན་དྲ་རྒྱའི་སྟེང་དུ་གནས་ཚུལ་ཐོན་གསལ། བོད་ཀྱི་འདམ་གཞུང་ཁུལ་དུ་ཚན་རིག་པའི་རུ་ཁག་ཅིག་གིས་ལོ་བདུན་དང་བོད་ཁྱོན་ཡོངས་ཀྱི་ས་གནས་ཁག་ལྔར་ལོ་བཅུ་ཕྲག་གཉིས་རིང། རྩི་ཤིང་རིགས་སྣ་ཚོགས་ལ་བརྟག་དཔྱད་བྱས་ཏེ། བོད་ཀྱི་རྩ་ཤིང་འདམ་རྩྭ་སོགས་ཀྱིས་རྒྱ་གར་གྱི་ཆར་དུས་འགོ་བཙུགས་ལ་ཉེ་སྐབས། དེ་དག་གི་ལོ་མ་ཕྱི་འགྲེམ་བྱེད་པ་དང། སྤྱིར་བཏང་དགུན་ཁར་གནམ་གཤིས་གྲང་བའི་སྐབས། རྩི་རིགས་མང་དག་ཅིག་གི་ལོ་མ་ནང་ལྟེབས་བྱས་ཏེ་རང་སྲུང་བྱེད་ཀྱི་ཡོད་པ་དང། སྐབས་རེ་དགུན་ཁ་གནམ་གཤིས་ཚ་བའི་སྐབས་ལོ་མ་རྣམས་ཕྱི་འགྲེམ་བྱེད་ཀྱི་ཡོད་ཀྱང། བོད་ནང་གི་རྩི་ཤིང་དག་ཚ་གྲང་ལ་མ་ལྟོས་པར། རྒྱ་གར་གྱི་ཆར་དུས་སྐབས་ལོ་མ་ཕྱིར་འགྲེམ་བྱེད་ཀྱི་ཡོད་པ་དེ་མི་འདྲ་བ་ཡིན་སྐོར་གྱི་སྙན་ཐོ་ཞིག་ཟླ་འདིའི་ཚེས་༢༥ ཉིན་ཚན་རིག་གི་སྙན་ཐོ་ཞེས་པའི་དྲ་རྒྱར་བཏོན་ཡོད་འདུག

ཚན་རིག་པའི་རུ་ཁག་གིས་འགན་འཛིན་ལའུ་ཡིས་བོད་ནང་གི་རྩི་ཤིང་ལ་གནམ་གཤིས་སྔོན་བརྡ་བྱེད་པའི་མ་ལག་ཅིག་ཡོད་པ་དེ་ཡ་མཚན་ཡིན་པ་དང། ཚན་རིག་པ་མང་པོས་བོད་ཀྱི་རྩི་ཤིང་རིགས་ཁ་ཤས་ཀྱིས་ཀི་ལོ་མི་ཊར་༡༠༠༠ ལྷག་གི་རྒྱང་ཐག་ལ་ཡོད་པའི་རྒྱ་གར་རྒྱ་མཚོའི་ནང་རླངས་པ་ཕུང་གསོག་བྱུང་སྟེ་ཆར་པ་བབ་པའི་དུས་མཉམ་དུ། ལོ་མ་ཕྱི་འགྲེམ་བྱེད་ཀྱི་ཡོད་པ་དེར་དྲི་བ་ཡོད་པས། བརྟག་དཔྱད་མུ་མཐུད་བྱེད་དགོས་སྐོར་འགྲེལ་བརྗོད་བྱས་འདུག
བོད་ནང་དུ་རྩི་ཤིང་རིགས་མི་འདྲ་བ་༥༠༠༠ ལས་མང་བ་ཡོད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༩༤ ཀློག་གྲངས།