ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཚན་ཚོགས།

སྤྱིར་དགོང་ཚོགས་གོ་སྒྲིག་པས་ཆོས་ཞུགས་པ་ཚང་མར་ཞིབ་བཤེར་ནན་པོ་བྱས་པ་དང༌། སྐུ་སྲུང་སྡེ་ཚན་གཉིས་སུ་བགོས་ནས་དོ་དམ་ཧ་ཅང་ལེགས་པོ་བྱས་པ་རེད། བུད་མེད་དེའི་ལག་ཏུ་མཚོན་ཆ་རིགས་གང་ཡང་ཐོགས་མེད་པས་ཆོས་དཔོན་མཆོག་ལ་ཛ་དྲག་གི་གནས་ཚུལ་གང་ཡང་འཕྲད་མེད་པས་ཆུ་ཚོད་གཅིག་ཙམ་གྱི་རྗེས་མཛད་སྒོའི་ཐོག་ཕེབས་པ་དང། ཁོང་གིས་བཟོད་སྒོམ་དང་ད་ལྟའི་གནམ་གཤིས་འགྱུར་ལྡོག་སྐོར་ལ་གསུང་བཤད་བཀའ་སློབ་གནང་ཡོད་པ་རེད། ཡེ་ཤུའི་ཆོས་དཔོན་ལ་སྲུང་སྐྱོབ་བྱེད་རྒྱུ་ཕྱི་ལོ་༢༠༠༡ ལོའི་ཨ་རིའི་དགུ་བཅུ་གཅིག་དོན་རྐྱེན་རྗེས་སུ་འགོ་ཚུགས་ཡོད་འདུག བུད་མེད་དེ་སྐུ་སྲུང་རྣམས་ཀྱིས་འཇུ་བཟུང་བྱས་རྗེས་སྨན་ཁང་དུ་ཁྲིད་ཡོད་པ་དང༌། ཉེན་རྟོགས་པས་བུད་མེད་དེའི་ཀླད་པར་སྐྱོན་ཡོད་སྐོར་བརྗོད་ཀྱང། བུད་མེད་དེས་ལོ་སྔོན་མར་ཡང་ཆོས་དཔོན་ཐོག་གདོང་མཆོང་བྱས་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་འདུག ཕྱི་ཚེས་༢༥ ཉིན་སླར་ཡང་ཁོང་གིས་ཡེ་ཤུའི་སྟོན་པ་ཇི་སི་སིའི་འཁྲུངས་སྐར་ཉིན་མོར་ཡང་གསུང་བཤད་དང་བྱིན་རླབས་གནང་ཡོད་པ་རེད།།

Share this:
༦༦ ཀློག་གྲངས།