རྒྱ་གཞུང་གིས་བོད་ནང་དུ་མེ་འཁོར་ལྕགས་ལམ་གསར་པ་ཞིག་བཟོ་འཆར།

ཟླ་འདིའི་ཚེས་༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། རྒྱ་ནག་གི་ལོ་ལྔའི་ལས་འཆར་ནང་དུ་བོད་ཀྱི་ས་ཁུལ་ཁུག་ཀྱོག་ཁག་ནས་ལྷ་ས་བར་དང། ལྷ་ས་ནས་ཁྲིན་ཏུའུ་ལྷོ་ནུབ་ཀྱི་ས་གནས་ཁག་ལ་མཐུད་པའི་མེ་འཁོར་ལྕགས་ལམ་ཞིག་བཟོ་རྒྱུའི་འཆར་ཟིན་ཞིག་བཀོད་ཡོད་འདུག

27337རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་དྲ་རྒྱའི་སྟེང་དུ། མེ་འཁོར་ལྩགས་ལམ་དེ་བཟོས་ཚར་རྗེས་ལྷ་ས་ནས་ཁྲིན་ཏུའུ་བར་ལ་ཆུ་ཚོད་༡༥ འགོར་གྱི་ཡོད་པ་རེད་འདུག

ཕྱི་ལོ་༢༠༠༦ ལོར་རྒྱ་ནག་གིས་རིང་ཚད་ཀི་ལི་མི་ཊར་༡,༩༥༦ ཡོད་པའི་གོར་མོ་ནས་ལྷ་ས་བར་གྱི་མེ་འཁོར་ལྕགས་ལམ་སྟེང། འགྲུལ་བཞུད་ཀྱི་བྱེད་ལས་འགོ་བཙུགས་ཡོད་པ་རེད། བོད་དོན་ལས་འགུལ་ཁང་མང་པོ་ཞིག་གིས་ལྕགས་ལམ་དེ་བོད་ནང་དུ་རྒྱ་རིགས་གནས་སྤོ་བ་མང་པོ་འོར་འདྲེན་བྱས་ནས་བོད་ཀྱི་ས་ཆ་མང་པོ་ཞིག་ལ། བོད་མི་རྣམས་གྲངས་ཉུང་མི་རིགས་ཆགས་ཡོད་པ། བོད་ཀྱི་འབྲོག་པའི་ས་ཆ་དང་ཁོར་ཡུག་ལ་གཏོར་སྐྱོན་ཆེན་པོ་བྱུང་ཡོད་པ་དང། ལྕགས་ལམ་དེ་ནི་བོད་ཀྱི་རང་བྱུང་ཐོན་ཁུངས་རྣམས་རྒྱ་ནག་ལ་འོར་འདྲེན་བྱེད་པར་ལས་སླ་རུ་འགྲོ་བའི་ཆེད་དུ་ཡིན་པ་ལས། བོད་འཛུགས་བསྐྲུན་གྱི་དམིགས་ཡུལ་མིན་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༣༩ ཀློག་གྲངས།