༸གོང་ས་མཆོག་སྨན་ཁང་ནས་སྐུ་གཟུགས་བདེ་ཐང་ངང་ཆིབས་བསྒྱུར།

ཟླ་འདིའི་ཚེས་ ༥ ཉིན་༸གོང་ས་མཆོག་ཨ་རིའི་མེ་ཡོ་སྨན་ཁང་ནས་ཝི་སི་ཀོན་སིན་མངའ་སྡེའི་རྒྱལ་ས་མེ་ཌི་སོན་གྱི་རི་དྭགས་སྐྱེད་མོས་ཚལ་གྱི་༸རྒྱལ་བའི་ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས། བོད་མི་གཙོ་བོར་གྱུར་བའི་དད་ལྡན་མི་གྲངས་ ༣༠༠ ལྷག་གིས་ལག་ཏུ་དཀར་གཙང་མཇལ་དར་སོགས་འཁྱེར་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

258opkhfསྐབས་དེར་༸གོང་ས་མཆོག་གིས་དད་ལྡན་མང་ཚོགས་ཁྲོད་ཐུགས་རྒྱུས་ཡོད་པའི་གྲོགས་པོ་རྙིང་པ་ཁག་གཅིག་མཇལ་བཅར་དུ་ཕེབས་ཡོད་པ་རྣམས་ལ་ཕྱག་དབང་བསྩལ་བ་དང་། ས་གནས་བོད་རིགས་ན་གཞོན་ཕོ་མོ་གཉིས་ཀྱིས་ཕྱེ་མར་ཆང་ཕུད་འདེགས་འབུལ་ཞུས་པ་མ་ཟད། བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གྱི་ལམ་ནས་མགོན་པོ་གང་ཉིད་གཟིམ་ཆུང་ཕོ་བྲང་དུ་གདན་འདྲེན་ཞུས་འདུག

དེ་ཡང་༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༨ ཉིན་མེ་ཌི་སོན་མེ་སོ་ནིག་ཚོགས་ཁང་ཆེན་མོའི་ནང་ Madison Masonic Center དུ་ཝི་སི་ཀོན་སིན་ས་གནས་བོད་རིགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་གནང་རྒྱུ་མ་ཟད། ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་གིས་རང་གཞན་རོགས་གསུམ་ལ་ཕན་པའི་ལྷག་བསམ་གྱི་ཀུན་སློང་རང་རྒྱུད་ལ་སྐྱེ་ཐབས་སྐོར་བགྲོ་གླེང་མཛད་རྒྱུ་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༧ ཀློག་གྲངས།