བཙན་བྱོལ་བོད་མིའི་ལྷོ་གཞིས་ཁག་ཏུ་གསུམ་བཅུ་དུས་དྲན་སྲུང་བརྩི།

ཟླ་འདིའི་ཚེས་༡༠ ཉིན་ནི་བོད་ཆོས་ལྡན་གྱི་ཞིང་ཁམས་འདིར་རྒྱ་ནག་དམར་པོས་གཞུང་གིས་བཙན་གནོན་བྱས་ཏེ་ལོ་ངོ་༥༧ ཧྲིལ་པོ་འཁོར་གྱི་ཡོད་པར་བརྟེན། འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་མི་གཞིས་བྱེས་གཉིས་ཀྱིས་ཉིན་བརྒྱ་དུས་གཅིག་དུ་གསུམ་བཅུ་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། འདི་ག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ཏུ་གསུམ་བཅུ་དུས་དྲན་ཐེངས་༥༧ པ་སྲུང་བརྩི་ཞུས་སོང་།

unnamedདེ་ཡང་རྒྱ་གར་ལྷོ་ཕྱོགས་ལྷོ་གཞིས་སྤྱི་ཁྱབ་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ཚེས་༩ ཉིན་རྒྱ་གར་བྷེང་ལོར་གྲོང་ཁྱེར་ནང་གསུམ་བཅུའི་དུས་དྲན་དྲན་གསོ་དང་འབྲེལ་ད་ལྟའི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གཡོ་ཇུས་དང་ཁུངས་ལུང་མེད་ཀྱི་མི་བདེན་པའི་རྫུན་བསྒྲགས་སོགས་ལ་ངོ་རྒོལ།  དེ་བཞིན་བོད་བསྟན་སྲིད་སླར་གསོའི་ཆེད་སྐུ་ལུས་མེར་བསྲེགས་བཏང་གནང་ཡོད་མཁན་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བཅས་སུ་མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་རེད།

ལས་འགུལ་དེའི་ནང་བྷེང་ལོར་ཁུལ་གྱི་བོད་ཀྱི་མཐོ་རིམ་སློབ་མ་དང་ལྷོ་གཞིས་ཁག་ལྔའི་ནང་གི་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་ཚོགས་མི་མཉམ་ཞུགས་བྱས་འདུག

དེ་བཞིན་ཚེས་༡༠ ཉིན་གྱི་ཞོགས་པ་ཡང་ལྷོ་སྤྱི་ལས་ཁུངས་ཀྱིས་གོ་སྒྲིག་འོག་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། ལྷོ་སྤྱིའི་སྐུ་ཚབ་ཆོས་འཕེལ་ཐུབ་བསྟན་གྱིས་གསུམ་བཅུའི་དུས་དྲན་ངོ་སྤྲོད་དང་འབྲེལ་རང་གཞུང་བཀའ་ཤག་གམ་སྲིད་སྐྱོང་གི་གསུང་འཕྲིན་སྒྲོགས་སྦྱང་གནང་གྲུབ་རྗེས། སྤྱི་འཐུས་བུ་མོ་ཚེ་རིང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསུང་འཕྲིན་སྒྲོགས་སྦྱང་གནང་བ་སོགས་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང་། མཛད་སྒོ་གྲོལ་བ་དང་སླར་ཡང་བྷེང་ལོར་གྲོང་ཁྱེར་ནང་གོམ་བགྲོད་ཀྱིས་སྐད་འབོད་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་གནང་ཡོད་པ་རེད།

unnamed (1)དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་ནང་དུ་ཡང་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བོད་བསྟན་སྲིད་ཆེད་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་སོགས་ཆོས་ཕྱོགས་ཀྱི་མཛད་རིམ་ཡོད་ཁར། གཞིས་ལུས་སྤུན་ཟླར་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད། རྒྱ་དམར་གཞུང་ལ་ངོ་རྒོལ་མཚོན་ཆེད་ཉིན་འདིར་མོན་གྷོ་བོད་མིའི་གཞིས་སྒར་ནང་ཡོད་པའི་ཟ་ཁང་དང་ཚོང་ཁང་སོགས་ཡོངས་སུ་སྒོ་བརྒྱབ་འདུག གཞན་ཡང་སྦེལ་ཀོབ་ལུགས་བདེ་གཉིས་དང་ཧུན་སུར།  ཀོ་ལི་གྷར་བོད་མི་གཞིས་སྒར་བཅས་ལྷོ་གཞིས་ཁག་གི་ནང་ཉིན་བརྒྱ་དུས་གཅིག་ཏུ་གསུམ་བཅུ་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༤༢ ཀློག་གྲངས།