རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་སྒོ་བརྒྱབ་པ།

རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པས་༧གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་བྱེད་རྒྱུ་མཚམས་འཇོག་དང། ཚོགས་པ་དེ་ཉིད་སྒོ་བརྒྱབ་པའི་གསལ་བསྒྲགས་བྱས་འདུག

dfghdghདེ་ཡང་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་དྲ་རྒྱའི་སྟེང་དུ། ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༥ ལོའི་ཟླ་༡༢ པའི་ཚེས་༡ ཉིན་ཏཱ་ལའི་བླ་མར་ངོ་རྒོལ་སྐད་འབོད་མཚམས་འཇོག་བྱེད་རྒྱུའི་ཐག་གཅོད་བྱུང་བ་བཞིན། དེ་རིང་ཕྱི་ལོ་༢༠༡༦ ལོའི་ཟླ་༣ པའི་ཚེས་༡༠ ཉིན་ཚོགས་པ་དེ་ཉིད་དང་དེའི་དྲ་རྒྱ་གཉིས་ཀ་སྒོ་རྒྱག་རྒྱུ་ཡིན། ཚང་མ་སྐྱིད་པོ་ཡོང་བར་སྨོན་ཞེས་བཀོད་འདུག

དེ་ཡང་ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༡༢ ནང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བརྒྱུད་ལམ་རེའུ་ཊོར་(Reuturs)གྱིས་༧གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་དོལ་རྒྱལ་རྗེས་འབྲང་པའི་ཚོགས་པ་ཚོར་རྒྱ་ནག་གིས་རྒྱབ་སྐྱོར་དང་བརྒྱུད་སྐུལ་བྱེད་ཀྱི་ཡོད་པ་དང། ཚོགས་པ་དེ་དག་རྒྱ་ནག་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་པའི་ལག་ཆ་གཙོ་བོར་གྱུར་ཡོད་སྐོར་གྱི་ཞིབ་འཇུག་སྙན་ཐོ་བཏོན་ཡོད་པ་རེད།

རེའུ་ཊོར་གསར་འགོད་པས་སུད་སི་གྲོང་ཁྱེར་ཇཱི་ནི་ཝར། ༧གོང་ས་མཆོག་ལ་དེའི་སྐོར་བཅར་འདྲི་བྱས་འདུག་པས། ༧གོང་ས་མཆོག་གིས་གནས་ཚུལ་དེ་མཁྱེན་གྱི་ཡོད་ཀྱང། དེའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་མཁྱེན་གྱི་མེད་སྐོར་བཀའ་ལན་གནང་འདུག དེ་བཞིན་ལོ་སྔོན་མར་ཨ་རིར་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་སྐབས། ཚོགས་པ་དེའི་མགྲིན་ཚབ་པ་བོད་མི་བསོད་ནམས་རིན་ཆེན་གྱིས་ཚོགས་པ་དེ་སྒོ་བརྒྱབ་པའི་རྒྱུ་མཚན་ཤེས་ཀྱི་མེད་སྐོར་ལན་འདེབས་བྱས་ཡོད་འདུག

རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་དེ་ཨ་རིར་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་ཡིན་འདུག་པ་དང། དེའི་ནང་ཚོགས་མི་མང་ཆེ་བ་ཕྱི་རྒྱལ་བ་ཡིན་སྐོར་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༧༦ ཀློག་གྲངས།