བྷེལ་རྗམ་གྱི་རྒྱལ་ས་རུ་འབར་གས་བསྟུད་མར་བྱུང་པ་དང་། ཡུ་རོབ་ཁྱོན་ཡོངས་དོགས་ཟོན་འོག་ཡོད་པ།


160322142803_obamaཨ་རིའི་སྲིད་ཨོ་བྷ་མ་ཡིས་ང་ཚོ་བྷེལ་རྗམ་མི་མང་དང་མཉམ་དུ་ལངས་ཡོད་ཅིང་། འདི་ནི་ཉེས་མེད་མི་སེར་གྱི་ཐོག་ཏུ་སྤེལ་བའི་སྐྱུག་བྲོ་བའི་འཇབ་རྒོལ་ཞིག་རེད། ང་ཚོས་ནུས་ཤུགས་ཡོད་ཚད་འདོན་ཏེ་ང་ཚོའི་གྲོགས་པོ་བྷེལ་རྗམ་ལ་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན་ལ། རྐྱེན་ངན་བཟོ་མཁན་ངེས་པར་ཁྲིམས་རར་བསྐྱལ་རྒྱུ་ཡིན་ཞེས་བརྗོད་འདུག
ཨོ་བྷ་མས་ད་དུང་བརྗོད་རྒྱུར། “འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ཆོས་ལུགས་དད་མོས་མི་གཅིག་པ་ཡོངས་རྫོགས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ། འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་གཅོག་དགོས།”


14:20 GMT

160322135435_brussels_explosion_512x288_gettyབྷར་ཟིལ་སི་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་བརྗོད་པ་ལྟར་ན། མཱོ་ལཱན་བྷི་ཁི་ས་འོག་ལྕགས་ལམ་ས་ཚུགས་ཀྱི་འབར་གས་ཁྲོད་མི་༢༠ རྐྱེན་ལམ་དུ་བཏང་པ་དང་མི་༡༠༦ རྨས་སྐྱོན་ཕོག་པའི་ནང་གི་མི་༡༧ གྱི་རྨས་སྐྱོན་ཚབས་ཆེན་ཡིན་འདུག
དེའི་སྔོན་གནམ་ཐང་དུ་བྱུང་པའི་འབར་གས་ཐེངས་གཉིས་ཀྱིས་ཉུང་མཐར་ཡང་མི་༡༡ ཙམ་རྐྱེན་ལམ་དུ་བཏང་ཡོད་འདུག་པས། ད་ལྟའི་བར་ཁྱོན་བསྡོམས་མི་༣༡ ཙམ་འདས་གྲངས་སུ་ཡོད་པ་རེད།


13:22 GMT160322131745_blast_brussels_airport_624x351_ap_nocreditབྷེལ་རྗམ་VTM རྒྱང་བསྒྲགས་ཁང་གིས་བརྗོད་པར་གཞིགས་ན། ཉེན་རྟོག་པས་བྷར་ཟིལ་སི་ཡི་གནམ་ཐང་ནས་གས་གཏོར་མ་བྱུང་པའི་རང་སྲོག་གཅོད་བྱེད་ཀྱི་འབར་རྫས་རྙེད་སོན་བྱུང་འདུག


12:25 GMT

160322115137_brussels_airport_blast_624x351_apབྷེལ་རྗམ་གྱི་རྒྱལ་ས་བྷར་ཟིལ་སི་ནང་བསྟུད་མར་བྱུང་པའི་འབར་གས་ཐེངས་འགའི་དོན་རྐྱེན་ཁྲོད་ད་བར་ཤེས་རྟོགས་བྱུང་པའི་ནང་། རྐྱེན་ལམ་དུ་བཏང་པའི་མི་གྲངས་༢༦ ལ་ཡར་འཕར་ཡོད་པ་དང་། མི་༡༣༦ ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག


12:12 GMT

160322113959_brussels_security_624x351_ap


11:56 GMT

བྷར་ཟིལ་ཟི་ཡི་སྤྱི་སྤྱོད་འགྲུལ་བསྐྱོད་ཞབས་ཞུ་སྒོ་བརྒྱབ་ཡོད་པ་དང་། ཡུ་རོབ་ཁྱོན་ཡོངས་ཀྱི་བདེ་འཇགས་སྲུང་སྐྱོབ་ཚད་མཐོ་རུ་བཏང་ཡོད་འདུག
བྷར་ཟིལ་སི་གནམ་ཐང་ལས་ཁུངས་ནས་བརྗོད་པ་ལྟར་ན། གནས་སྐབས་རིང་གནམ་ཐང་གི་ཞབས་ཞུ་མཚམས་འཇོག་བྱ་རྒྱུ་ཡིན་པ་དང་། བྷར་ཟིལ་སི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ནས་ཀྱང་། སྤྱི་སྤྱོད་རླངས་འཁོར་དང་མེ་འཁོར། གློག་འཁོར་སོགས་ཚང་མ་འགྲུལ་མཚམས་བཞག་ཏེ། ས་འོག་ལྕགས་ལམ་ས་ཚུགས་ཡོངས་རྫོགས་སྒོ་བརྒྱབ་རྒྱུ་ཡིན་སྐོར་བརྗོད།

བྷར་ཟིལ་སི་བདེ་འཇགས་ཚན་པས་མི་རྣམས་རང་གནས་སུ་སྡོད་རྒྱུ་ལས། གང་བྱུང་ཕྱིར་བསྐྱོད་མི་བྱ་བའི་བརྡ་ཐོ་བཏང་འདུག

བྷེལ་རྗམ་ཕྱོགས་ནས་རྒྱལ་ཡོངས་ཀྱི་འཇིགས་སྐུལ་དྲག་སྤྱོད་རིམ་པ་བཞི་པའི་ཐོག་ཡར་འཕར་ཡོད་པ་དང་། རྒྱལ་ཁབ་དེའི་རྡུལ་ཕྲན་རྟེན་གཞིའི་ཉེ་འཁོར་གྱི་བདེ་སྲུང་ཚད་མཐོར་བཏང་འདུག


11:56 GMT
བྷར་ཟིལ་སི་ས་འོག་ལྕགས་ལམ་འགྲུལ་སྐྱེལ་ལས་ཁུངས་ནས་བདེན་དཔང་བྱས་པ་ལྟར་ན། ས་འོག་ལྕགས་ལམ་ས་ཚུགས་ཀྱི་འབར་གས་ཁྲོད། མི་༡༥ རྐྱེན་འདས་དང་༥༥ ལ་རྨས་སྐྱོན་ཕོག་ཡོད་འདུག


11:20 GMT160322105913_tube_512x288_quentingenailleས་གནས་ཀྱི་ཆུ་ཚོད་༩ གཡས་གཡོན་དུ་བྷར་ཟིལ་སི་ཡི་་མཱོ་ལཱན་བྷི་ཁི་ཞེས་པའི་ས་འོག་ལྕགས་ལམ་ས་ཚུགས་སུ་འབར་རྫས་གས་གཏོར་བྱུང་པ་དང་། མི་རྣམས་ས་འོག་ཕུག་ལམ་བརྒྱུད་དེ་ཉེན་ཡོལ་ཆེད་བྲོས་བྱོལ་དུ་ཕྱིན་པ།


10:58 GMT

160322105316_michel_512x288_gettyརྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བྷེལ་རྗམ་གྱི་སྲིད་བློན་མེ་ཁལ་(Michel) བདུན་ཕྲག་འདིའི་ནང་རྒྱ་ནག་ཏུ་བསྐྱོད་དེ། བྷོ་ཨོ་(Boao Forum) གླེང་སྟེགས་ཐོག་མཉམ་ཞུགས་བྱ་འཆར་གྱི་མཛད་རིམ་ཕྱིར་འཐེན་བྱས་ཡོད་པ་དང་།
བྷོ་ཨོ་ཨེ་ཤི་ཡའི་གླེང་སྟེགས་ཀྱི་ཕྱི་ལོ་༢༠༡༦ ལོའི་ལོ་འཁོར་ཚོགས་ཆེན་དེ་ཟླ་༣ ཚེས་༢༢ ནས་༢༥ བར་ཧེ་ནན་བྷོ་ཨོ་རུ་འཚོག་རྒྱུ་ཡིན་ཞིང་། ཐོག་མར་རྒྱལ་ཁབ་༡༢ ཀྱི་འགོ་ཁྲིད་མཉམ་ཞུགས་བྱ་འཆར་ཡོད་པ་རེད།


10:58 GMT
ད་ལྟའི་ཆར་སྒྲིག་འཛུགས་དང་མི་སྒེར་སུ་ཡང་བྷེལ་རྗམ་གྱི་རྒྱལ་ས་བྷར་ཟིལ་སི་རུ་བྱུང་པའི་འབར་གས་དོན་རྐྱེན་སྤེལ་མཁན་ཡིན་སྐོར་བརྗོད་མཁན་བྱུང་མེད་ཀྱང་། ཁ་ཆེའི་རྒྱལ་ཁབ་ (IS)ཀྱི་རྒྱབ་སྐྱོར་བས་དྲ་ལམ་ཁག་ཏུ་ཐེངས་འདིའི་འབར་རྫས་གས་གཏོར་ལ་བསྔགས་བརྗོད་བྱས་ཡོད་པ་དང་། བྷར་ཟིལ་དུ་འབར་གས་བྱུང་པའི་རྗེས། ཧྥ་རེན་སི་ཡིས་ཉེན་རྟོག་མི་སྣ་༡༦༠༠ ཙམ་བདེ་འཇགས་ཀྱི་ལས་དོན་མངགས་གཏོང་བྱས་ཡོད་པ་རེད།


10:57 GMT
བྷར་ཟིལ་སི་མེ་གསོད་རུ་ཁག་གི་མགྲིན་ཚབ་པས་བརྗོད་པ་ལྟར་ན། མིག་སྔར་ཉུང་མཐར་ཡང་མི་༢༡ རྐྱེན་ལམ་དུ་སོང་པའི་ཁྲོད། གནམ་ཐང་གི་འབར་གས་བསྟུད་མར་ནང་མི་༡༡ གྲོངས་ཡོད་འདུག


10:17 GMT
ཧྥ་རེན་སིའི་སྲིད་འཛིན་ཧོ་ལཱན་ཌི་ཡིས་བྷར་ཟིལ་དུ་འབར་གས་བྱུང་པའི་རྗེས་མཐོ་རིམ་བློན་ཆེན་གྱི་ཛ་དྲག་ཚོགས་འདུ་འཚོགས་ཡོད་པ་དང་། སི་ཝེ་ཌི་ཞི་ཡི་སྲིད་བློན་ཁི་རུམ་ལའོ་ཡིས་ཐེངས་འདིའི་འབར་གས་ནི་ཡུ་རོབ་ཀྱི་མང་གཙོའི་སྤྱི་ཚོགས་ལ་འཇབ་རྒོལ་ཅིག་ཡིན་པའི་སྐྱོན་བརྗོད་བྱས། ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་དོན་རྐྱེན་དེ་ནི་མུ་རྒོད་ཀྱི་བྱ་སྤྱོད་ཅིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། བྷེལ་རྗམ་མི་མང་ལ་སེམས་གསོའི་འཚམས་འཕྲིན་གནང་། དབྱིན་ཡུལ་གྱི་སྲིད་བློན་ཁེམ་རོན་གྱིས་དབྱིན་ཡུལ་ནས་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱ་རྒྱུ་ཡིན་སྐོར་བརྗོད།


160322095429_brussels_airport_624x351_vrt

འབར་རྫས་གས་གཏོར་བྱུང་པའི་ཆུ་ཚོད་གཅིག་དང་ཕྱེད་ཀའི་རྗེས་བྷར་ཟིལ་སི་རྒྱལ་སྤྱིའི་གནམ་ཐང་དུ་མི་ཚོགས་ཀྱིས་འཚང་ཀ་ཤིག་ཤིག་ངང་རྙོག་ཟིང་གི་རྣམ་པའི་འོག་ཡོད་པ།


09:27 GMT
ཟླ་༣ ཚེས་༢༢ ཉིན་བྷེལ་རྗམ་གྱི་རྒྱལ་ས་བྷར་ཟིལ་སི་རུ་བསྟུད་མར་འབར་རྫས་གས་གཏོར་ཐེངས་འགའ་བྱུང་ཡོད་པའི་ཁྲོད། རྒྱལ་སྤྱིའི་གནམ་ཐང་དུ་ཐེངས་གཉིས་དང་གྲོང་ཁྱེར་ལྟེ་བའི་ས་འོག་ལྕགས་ལམ་ས་ཚིགས་སུ་འབར་གས་ཐེངས་གསུམ་བྱུང་ཡོད་འདུག མིག་སྔར་ཐོན་བཞིན་པའི་གནས་ཚུལ་ནང་༡༣ གྱི་རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་༣༥ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

འབར་རྫས་གས་གཏོར་བྱུང་སའི་གནམ་ཐང་གི་པར་རིས་ལས་མངོན་པ་ལྟར་ན། གནམ་ཐང་གི་ཤེལ་སྒོ་མང་པོ་ཧྲུག་བཅག་ཏུ་བཏང་སྟེ། ཉེ་འཁོར་གྱི་ས་ངོས་གང་སར་ཤེལ་ཆག་སོགས་ཀྱིས་ཁེངས་ཡོད་འདུག

ད་ལྟའི་ཆར་བྷེལ་རྗམ་རྒྱལ་ཡོངས་ཀྱི་བདེ་སྲུང་ཚད་མཐོ་ཤོས་འོག་ཡོད་པ་དང་། མིག་སྔར་བྷར་ཟིལ་སི་གནམ་ཐང་གི་འགྲུལ་བསྐྱོད་མཚམས་འཇོག་བྱས་ཡོད་པ་མ་ཟད། བྷར་ཟིལ་གྱི་མེ་འཁོར་འབབ་ཚིགས་གཙོ་བོ་དང་ས་འོག་ལྕགས་ལམ་ཡང་སྒོ་བརྒྱབ་ཡོད་པ་རེད།

མིག་སྔར་འབར་རྫས་གས་གཏོར་བསྟུད་མར་བྱུང་བའི་རྒྱུ་རྐྱེན་ཤེས་རྟོགས་ཐུབ་མེད་ཀྱང་། ཉིན་བཞིའི་སྔོན། བྷེལ་རྗམ་སྲིད་གཞུང་གིས་ལོ་སྔོན་མའི་ཕྱི་ཟླ་༡༡ པའི་ནང་ཕེ་རི་སི་རུ་འཇིགས་སྐུལ་འཇབ་རྒོལ་སྐབས། རྒྱབ་ཏུ་ཇུས་འདོན་མཁན་སཱ་ལཱ་ཨ་བྷི་རྡི་སི་ལཱམ་(Salah་Abdeslam) ཞེས་པ་འཇུ་བཟུང་བྱས་ཡོད། ཁོང་འཇུ་བཟུང་བྱས་པའི་རྗེས། བྷེལ་རྗམ་ཕྱི་སྲིད་བློན་ཆེན་གྱིས་གཞུང་ཕྱོགས་ནས་མཚོན་ཆ་ཁག་ཅིག་རྙེད་སོན་བྱུང་པ་ལྟར། སཱ་ལཱ་ཡི་ཕྱོགས་གཏོགས་ཀྱིས་མུ་མཐུད་དུ་འཇབ་རྒོལ་གྱི་བྱ་སྤྱོད་སྤེལ་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share this:
༡༥༣ ཀློག་གྲངས།