ལྷ་སར་ཐ་མག་འཐེན་མི་ཆོག་པའི་སྒྲིག་ལམ།

སྒྲིག་ལམ་གཏན་འབེབས་བྱས་པ་དེའི་ནང་མི་ཚོགས་འདུ་ས་ཆེན་པོ་༡༠ རུ་ཐ་མག་འཐེན་མི་ཆོག་པའི་སྐོར་ཁ་གསལ་བཀོད་ཡོད་པ་སྟེ། སྤྱི་སྤྱོད་རིག་གནས་རོལ་རྩེད་ཁུལ་དང། སྤྱི་སྤྱོད་ལུས་རྩལ་ཁང། དཔེ་མཛོད་ཁང། ཡིག་ཚགས་འཚོལ་ཀློག་ཁང། དངོས་མང་བཤམས་སྟོན་ཁང། འགྲེམས་སྟོན་ཁང། གྲོས་ཚོགས་ཁང། ཚོང་ར། འབྲུ་རིགས་མཁོ་འདོན་བྱེད་ས། དངུལ་རྩའི་ལས་གཉེར་ཁུལ། གྲོང་ཁྱེར་ནང་འགྲུལ་བཞུད་བྱེད་པའི་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་ཆས་དང། མེ་འཁོར་དང་གནམ་གྲུ་འབབ་ཚུགས། འཕྲོད་བསྟེན་སྨན་བཅོས་ལས་ཁུངས། སློབ་གྲྭ་དང་བུ་བཅོལ་ཁང། ཐ་མག་འཐེན་མི་ཆོག་པའི་མཚོན་རྟགས་བཀོད་པའི་མི་ཚོགས་འདུ་ཁུལ། ཁྲིམས་ལུགས་དང་ཁྲིམས་སྲོལ་ཁྲིམས་ཡིག་བཅས་ཀྱི་ནང་ཐ་མག་འཐེན་མི་ཆོག་པ་གཏན་འབེབས་བྱས་པའི་ཁུལ་བཅས་སུ་ཐ་མག་འཐེན་མི་ཆོག་པའི་སྐོར་གསལ་པོ་བཀོད་ཡོད་འདུག།
གལ་སྲིད་ས་གནས་དེ་དག་ཏུ་ཐ་མག་འཐེན་མཁན་བྱུང་ཚེ་རྒྱ་སྒོར་༢༠ ནས་༥༠ བར་ཉེས་ཆད་གཅོད་རྒྱུ་ཡིན་ཚུལ་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱས་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག །

Share this:
༡༤༨ ཀློག་གྲངས།