བཙུན་མ་གཉིས་ལ་བཙོན་འཇུག་ཁྲིམས་ཆད།

བཙུན་མ་ལྷ་དབང་བདེ་སྐྱིད་ལ་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག འཛིན་བཟུང་བྱས་ནས་ཟླ་གཅིག་གི་རྗེས་སུ་ཆབ་སྲིད་བཙོན་པ་གཞན་བཅུ་བཞི་དང་མཉམ་དུ། དཀར་མཛེས་རྫོང་ཐོག་ཏུ་རྒྱ་དམག་གིས་མཐའ་སྐོར་ནས་རྐང་ལག་ལ་ལྕགས་བརྒྱབ་ཅིང་ཉེས་རྡུང་གཏོང་བཞིན་ཁྲོམ་སྐོར་དུ་ཁྲིད་ནས་མང་ཚོགས་ལ་འཇིགས་སྣང་སྐུལ་ཡོད་འདུག

ད་བར་ཕྱི་ལོ་༢༠༠༨ དང་༢༠༠༩ ལོ་གཉིས་ཀྱི་ནང་དུ་དགོན་པའི་དེའི་བཙུན་མ་དགུ་ཙམ་འཛིན་བཟུང་བྱས་ཡོད་འདུག དཀར་མཛེས་ཉིན་མོ་དགེ་ཚུལ་དགོན་པ་དེ་ཐོག་མར་བླ་མ་བྲག་དཀར་རིན་པོ་ཆེས་ཕྱག་བཏབ་པ་དང། གྲུབ་མཐའ་དགེ་ལུགས་པ་ཡིན་འདུག ད་ལྟའི་ཆར་དཀར་མཛེས་མཁན་ཟུར་བློ་བཟང་འཇམ་དབྱངས་ཀྱིས་འཛིན་སྐྱོང་གནང་བཞིན་ཡོད་པ་རེད་ཅེས་ནོར་ཝེ་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག །

Share this:
༡༩ ཀློག་གྲངས།