ཕྲུ་གུ་མང་པོ་ཡོད་ན་བྱ་དགའ་ཡོད།

གནས་ཚུལ་བཏང་བའི་ནང་འཁོད་དོན། ༧གོང་ས་མཆོག་གིས་དབུས་གཙང་ཚོགས་ཆེན་སྐབས་༡༡ པའི་ཚོགས་མི་མཇལ་བཅར་སྐབས་ལམ་སྟོན་བཀའ་སློབ་སྤྱི་ཕེབས་བཞིན། བཙན་བྱོལ་བོད་མིའི་ཁྲོད་ཕོ་མོ་ཁྱད་མེད་ཀྱིས་བུ་ཕྲུག་༣ ཡན་ཡོད་མཁན་ཚོའི་མཚན་ཐོ་བསྡུ་བཞེས་གནང་ཁོངས་༢༠༠༩ ལོའི་ཕྱི་ཟླ་༧ ཚེས་༣༠ བར་ཁྱིམ་ཚང་༡༢༠༨ བྱུང་བའི་ནང་ནས་འབྲུག་འཇིགས་མེད་ནང་ས་གནས་དབུས་གཙང་རྒྱུན་ལས་ཁོངས། ཕ་ཀུན་བཟང་ནོར་བུ་དང། མ་པད་སྒྲོན་གཉིས་ལ་ཧིན་སྒོར་ཆིག་ཁྲི་དང། མེ་སོར་ལུགས་བསམ་ས་གནས་དབུས་གཙང་རྒྱུན་ལས་ཁོངས་ཕ་ནོར་བུ་དང། མ་ཚེ་རིང་སྒྲོལ་དཀར་གཉིས་ལ། ཧིན་སྒོར་༧༠༠༠ ཧོང་སུར་རབ་རྒྱས་གླིང་ས་གནས་དབུས་གཙང་རྒྱུན་ལས་ཁོངས་ཀྱི་མ་སྲི་ཆོད་སྒྲོལ་མར་ཧིན་སྒོར་༥༠༠༠ གི་བྱ་དགའ་དང་གཟེངས་བསྟོད་ཕྱག་ཁྱེར་ཕུལ་ཡོད་པ་རེད།།

Share this:
༤༧ ཀློག་གྲངས།