ཙང་ཆི་ཧོང་སྟངས་འཛིན་གྱིས་བཟང་བཙོན་འོག་ཡོད་པའི་གནས་ཚུལ་ཐོན།

e7ad40b3f693bf4b14a350ff38b7e4b2ཉེ་ཆར་རྒྱ་ནག་གི་དམག་དཔོན་གཞོན་པ་ཟུར་པ་གོ་པའོ་ཞང་གི་གནད་དོན་ཁྲིམས་རར་ཞིབ་བཤེར་བྱས་པ་དང་དུས་མཚུངས། གནས་ཚུལ་ཁ་ཤས་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཟུར་པ་ཙང་ཆི་ཧོང་སྟངས་འཛིན་བྱས་ཟིན་སྐོར་བརྗོད་འདུག


ཟླ་༤ ཚེས་༩ ཉིན་རྒྱ་ཡིག་གི་གསར་འགྱུར་དྲ་བ་ཏཱ་ཅི་ཡེ་སྟེང་གནས་ཚུལ་སྤེལ་དོན། ཀྲུང་ནན་ཧེ་ཡི་མཐོ་རིམ་གྱི་གནས་ཚུལ་རྒྱུས་མངའ་ཅན་ཞིག་གིས་བརྗོད་པར་གཞིགས་ན། ཅང་ཙེ་མེན་ཤོག་ཁག་གི་མི་སྣ་ཨང་གཉིས་པ་དང་དེ་སྔར་ཧོང་ཀོང་གི་ལས་དོན་གཙོ་སྐྱོང་བའི་འགན་ཁུར་མཁན་རྒྱལ་ཁབ་ཀྱི་སྲིད་འཛིན་གཞོན་པ་ཙང་ཆི་ཧོང་གི་སྤུན་མཆེད་ཀྱི་གནས་སྟངས་ཀྱང་མི་ལེགས་གྱུར་ཡོད་ཅིང་། ཙང་ཆི་ཧོང་རང་ཉིད་ཀྱང་ཞི་ཅིན་ཕིང་གིས་སྟངས་འཛིན་བྱས་ཏེ་ཕྱིའི་རྒྱལ་ཁབ་ཏུ་འགྲོ་བསྐྱོད་སོགས་བྱ་མི་ཆོག་པར། པེ་ཅིང་གི་རང་ཁྱིམ་དུ་བཟང་བཙོན་འོག་བཞག་ཡོད་པའི་གནས་ཚུལ་ཕྱིར་གྱར་བཞིན་པ་དང་། དེའི་སྔོན་ནས་འཇུ་བཟུང་བྱས་ཟིན་པར་གྲགས་པའི་ཙང་ཆི་ཧོང་གི་སྤུན་ཆུང་བ་ཙང་ཆི་ཧེ་ཡང་སྟངས་འཛིན་འོག་ཕྱིར་བསྐྱོད་བྱ་ཆོག་གི་མེད་པ་མ་ཟད། ཙང་ཆི་ཧོང་གི་བུ་ཙང་ཝེ་ཙི་ཡང་ད་ལྟ་ཡུ་རོབ་ཏུ་ཡོད་པ་དང་། ཙང་ཆི་ཧོང་གི་བུ་མོ་ཙང་པའོ་པའོ་ཡང་ཉེ་ཆར་ཧོང་ཀོང་གི་ལས་དོན་བྱེད་སྒོའི་ཚོགས་འདུ་རིམ་པའི་ནང་དུ་མཉམ་ཞུགས་བྱས་མེད་པ་རེད།

ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གི་གནད་དོན་ཆེད་མཁས་པ་ལི་ཏཱ་ཡིས་ངོས་འཛིན་བྱས་པ་ལྟར་ན། གོ་པའོ་ཞང་གི་གནད་དོན་ཁྲིམས་རར་བསྐྱལ་ཏེ་ཁྲིམས་བཤེར་བྱས་པ་ནི་ཞི་ཅིན་ཕིང་སྲིད་གཞུང་གིས་མུ་མཐུད་དུ་ཅང་ཙེ་མེན་དང་ཙང་ཆི་ཧོང་འཇུ་བཟུང་བྱ་རྒྱུའི་རྟགས་མཚན་མངོན་གསལ་དོད་དུ་ཕྱིན་པ་ཞིག་ཡིན་འདུག

ད་ལྟ་རང་ལོ་༧༧ ཡིན་པའི་ཙང་ཆི་ཧོང་གིས་དུས་ཡུན་རིང་པོར་ཧོང་ཀོང་གི་ལས་དོན་གཙོ་སྐྱོང་བྱས་པ་དང་། གནས་ཚུལ་ཁ་ཤས་ནང་ཐོན་པར་གཞིགས་ན། ཙང་ཆི་ཧོང་ནི་ཀྲུའུ་ཡོང་ཁང་དང་པའོ་ཞི་ལེ་གཉིས་ཀྱི་སྲིད་དབང་འགོ་རྟིང་སློག་འཆར་གྱི་ཇུས་འདོན་པ་གཙོ་བོ་ཡིན་པ་མ་ཟད། ཞི་ཅིན་ཕིང་ལྐོག་གསོད་ཀྱི་འཆར་གཞིའི་ནང་མཉམ་ཞུགས་གཏིང་ཟབ་བྱས་ཡོད་པ་དང་། སྤུན་ཆུང་ཙང་ཆི་ཧེ་རིག་གནས་ལྷན་ཁང་གི་དམིགས་བསལ་སྐོར་བསྐྱོད་པ་ཡིན་པའི་ངོས་ནས། ཧོང་ཀོང་དང་སྐམ་སའི་ཆབ་སྲིད་དང་ཚོང་ལས། རིག་གནས་ཀྱི་ཁྱབ་ཁོངས་སོགས་སུ་ཧ་ཅང་འཁྲུག་ཆ་དོད་ཅིང་། དབུས་བརྙན་འཕྲིན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཟུར་པ་ལི་ཏོང་ཧྲན་དང་མཉམ་འབྲེལ་གྱིས་མཛེས་མའི་ཕྱི་འབྲེལ་ཤུགས་ཆེན་སྤེལ་ཏེ། སྔོན་མ་ནས་དབུས་བརྙན་འཕྲིན་ཁང་གི་རུལ་སུངས་དང་ཁྲཱི་ཧྥང་གི་གནད་དོན་གཉིས་ཙང་ཆི་ཧོང་ཁྱིམ་ཚང་ལ་ཐུག་ཡོད་པའི་སྐྱོན་འཛུགས་བྱས་ཡོད།

ཕྱིར་ཁྱབ་བཞིན་པའི་གནས་ཚུལ་མང་པོ་ཞིག་གི་ནང་དུ། ཙང་ཆི་ཧོང་ཚང་ནི་ཐེངས་རྗེས་མའི་རུལ་རྒོལ་གྱི་དམིགས་འབེན་ཡིན་སྲིད་པ་དང་། དོན་དངོས་སུའང་ཉེ་བའི་ཆར་ཙང་ཆི་ཧོང་ཁྱིམ་ཚང་ལ་གནད་དོན་ལྷགས་པའི་རྟགས་མཚན་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། ཙང་ཆི་ཧོང་གི་ཚ་མོ་ཝང་ཞའོ་ལི་ལོ་སྔོན་མའི་ནང་ཀཱང་ཀྲུའུ་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དང་སྒྲིག་བཤེར་ལྷན་ཁང་གི་དྲུང་ཆེ་གཅིག་ལྕོགས་ཀྱི་གོ་གནས་ལས་ཕབ་པ་དང་། འདི་ལོའི་འགོ་སྟོད་དུ་གཞུང་འབྲེལ་བརྒྱུད་ལམ་ཁག་གི་སྟེང་རུལ་རྒོལ་ལ་“ལྕགས་ཞྭ་ཅན་གྱི་རྒྱལ་པོ་”མེད་པའི་མེད་པའི་གནས་ཚུལ་ཅིག་ཅར་ཐོན་པ་རྣམས། ཙང་ཆི་ཧོང་ལ་ཆེད་དུ་དམིགས་པ་ཡིན་པའི་ཚོད་དཔག་བྱེད་བཞིན་པ་རེད།

ཉེ་བའི་ཆར་རྒྱལ་སྤྱིའི་བརྟག་ཞིབ་གསར་འགོད་མཐུན་ཚོགས་(ICIJ)ཐུན་མོང་གིས་ཕྱི་བསྒྲགས་བྱས་པའི་“པཱ་ན་མ་ཡིག་ཆ་”གོ་ལ་ཡོངས་སུ་ཁྱབ་པ་དང་། ཡིག་ཆ་དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ལས་ཐོག་དང་ལས་ཐོག་མ་ཡིན་པའི་དཔོན་རིགས་ཁ་ཤས་ཀྱི་ཁྱིམ་ཚང་གིས་རྒྱལ་སྤྱིའི་“ཁྲལ་གཡོལ་ལྷ་ཡུལ་”བརྒྱུད་ནས་མཚོ་འགག་གཉིས་བར་ཚོང་འབྲེལ་བྱེད་བཞིན་པའི་ཁྲོད། རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཀྲང་གོ་ལི་དང་ལུའུ་ཡུ་ཧྲན། ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཟུར་པ་ཙང་ཆི་ཧོང་གི་ཁྱིམ་རྒྱུད་སོགས་ཚུད་ཡོད་འདུག

གནས་ཚུལ་ནང་། ཕྱི་ལོ་༢༠༠༢ ལོ་ནས་༢༠༠༧ ལོའི་བར་རྒྱལ་ཁབ་ཀྱི་སྲིད་འཛིན་གཞོན་པའི་འགན་ཁུར་བའི་ཙང་ཆི་ཧོང་གི་སྤུན་ཆུང་ཙང་ཆི་ཧེ་ཡིས་ནེའུ་ཡོག་ཏུ་ཀྲུང་ཧཱ་རིག་གནས་བརྗེ་རེས་མཐུན་ཚོགས་ཚད་ཡོད་ཀུང་སི་ཞེས་པ་དེབ་སྐྱེལ་བྱས་ཏེ། ཕྱི་ལོ་༢༠༠༦ ལོར་བསྐྱར་དུ་བཟོ་ཚོང་ཁང་དེ་སཱོ་མ་ཡཱ་རུ་དེབ་སྐྱེལ་བྱས། ཙང་ཆི་ཧེ་ཡིས་རིག་གནས་ལྷན་ཁང་གི་དམིགས་བསལ་སྐོར་སྐྱོད་པའི་འགན་ཁུར་སྐབས་ཧོང་ཀོང་དང་མཱེ་ཁོ། སྐམ་སའི་སྒྱུ་རྩལ་ལས་རིགས་ཁྲོད་འཁྲུག་ཆ་ཧ་ཅང་དོད་པ་རེད།

ཙང་ཆི་ཧོང་ཁྱིམ་རྒྱུད་ཀྱི་རྒྱུ་ནོར་པེ་ཅིང་དང་ཐའེ་ཅིན། ཧྲན་ཏོང་། ཧྲང་ཧེ། ཧོང་ཀོང་། ཡུ་རོབ་སོགས་སུ་ཁྱབ་ཡོད་པ་དང་། སྤུན་མཆེད་དང་བུ། བུའི་མནའ་མ། ཚ་བོ་སོགས་ཉུང་མཐར་ཡང་ཁྱིམ་རྒྱུད་ཀྱི་མི་སྣ་༡༢ ཙམ་ཕྱིའི་རྒྱལ་ཁབ་ཁག་ཏུ་གཏན་སྡོད་བྱེད་ཡོད། རྒྱ་ནག་སྐམ་ས་ཁོ་ནར་མ་རྩ་རྒྱ་སྒོར་ས་ཡ་༤༣༠ ནས་༤༧༠ བར་ཡོད་པ་དང་། ཙང་ཆི་ཧོང་གི་བུའི་མནའ་མ་ཅང་མེ་དང་ཧེ་ཨར་པི་ས་ཁང་གི་སྦྱིན་བདག་ཏེ་ཡཱང་གཱི་གཉིས་ཕན་ཚུན་མཉམ་འབྲེལ་གྱིས། ཁྲིམས་འགལ་གྱི་དངུལ་སྒོར་གཙང་བཟོའི་ལས་འགུལ་ཤུགས་ཆེན་སྤེལ་པ་དང་། ཧམ་ཟ་དང་བརྒྱུད་སྤོའི་མ་དངུལ་ཡོང་ཁུངས་མི་གཙང་བ་རྒྱ་སྒོར་ས་ཡ་སྟོང་བརྒལ་བ་ཡོད་པ་རེད།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share this:
༡༦༡ ཀློག་གྲངས།