ཨི་ཁུའ་ཌོར་གྱི་ས་ཡོམ་ཁྲོད་མི་༢༧༢ ཙམ་འདས་གྲོངས་སུ་གྱུར།

784D8872-F73B-4843-9025-7E9332441099_w640_r1_s_cx0_cy9_cw0རེས་གཟའ་སྤེན་པའི་ཉིན་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨི་ཁུའ་ཌོར་དུ་ས་ཡོམ་ཚད་རིམ་༧.༨ཅན་ཞིག་བརྒྱབ་སྟེ། ད་ལྟའི་བར་ཤེས་རྟོགས་བྱུང་བ་ལྟར་ན་ཉུང་མཐར་ཡང་མི་༢༧༢ ཙམ་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། མི་༢༥༠༠ ཙམ་ལ་རྨས་སྐྱོན་ཕོག་པ་དང་ཁྱིམ་གཞིས་སྟོང་ཕྲག་མང་པོ་རྩ་སྟོངས་སུ་གྱུརཡོད་པ་རེད།


ཟླ་༤ ཚེས་༡༦ རེས་གཟའ་སྤེན་པའི་ཉིན་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨུ་ཁུའ་ཌོར་གྱི་ནུབ་བྱང་གི་ཞི་བདེ་རྒྱ་མཚོའི་མཚོ་ངོགས་ས་ཁུལ་མཱ་ན་བྷི་(Manabi) མངའ་སྡེའི་ནང་ས་ཡོམ་ཚད་རིམ་༧.༨ ཅན་བརྒྱབ་སྟེ། ད་ལྟའི་བར་ཤེས་རྟོགས་བྱུང་བ་ལྟར་ན་ཉུང་མཐར་ཡང་མི་༢༧༢ ཙམ་འདས་གྲོངས་སུ་གྱུར་ཡོད་པ་དང་།  ཨུ་ཁུའ་ཌོར་གྱི་སྲིད་འཛིན་གཞོན་པ་གྷི་རེ་སི་ཡིས་བརྗོད་པ་ལྟར་ན། ད་ལྟའི་ཆཪ་མི་༢༥༠༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ས་ཡོམ་བརྒྱབ་སའི་ཁུལ་གྱི་ཕི་ཌིར་ནཱ་ལིལ་(Pedernales) གྲོང་ཁྱེར་དང་རྒྱ་མཚོའི་འགྲམ་གྱི་ས་ཁུལ་མན་ཊ་(Manta) གཉིས་གནོད་འཚེ་ཕོག་ཡུལ་སྡུག་ཤོས་སུ་གྱུར་ཏེ། གྲོང་ཁྱེར་ཕི་ཌིར་ནཱ་ལིལ་ཡོངས་རྫོགས་གཏོར་བཤིག་བཏང་ཟིན་པ་རེད།

ས་ཡོམ་གྱི་གོད་ཆག་བྱུང་པའི་རྗེས་སྲིད་གཞུང་གིས་དམག་མི་ཁྲི་གཅིག་དང་། ཉེན་རྟོག་པ་པ་དང་མེ་གསོད་རུ་ཁག་གི་མི་སྣ་༣༧༠༠ ཙམ་གནོད་འཚེ་ཕོག་ཡུལ་གཙོ་བོ་རྒྱ་མཚོའི་ངོགས་ཀྱི་མངའ་སྡེ་ཁ་ཤས་ནང་མངགས་གཏོང་བྱས་ཏེ། ཛ་དྲག་ངང་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་པ་མ་ཟད། འགྲིམ་འགྲུལ་དང་འཕྲོད་བསྟེན་ལྷན་ཁང་གཉིས་ཀྱིས་ཀྱང་གནོད་འཚེ་ཕོག་ཡུལ་དུ་རོགས་སྐྱོར་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་བཞིན་པ་རེད། སྲིད་འཛིན་གྷི་རེ་སི་(Grasse) ཡིས་བརྗོད་པ་ལྟར་ན། ཐེངས་འདིའི་ས་ཡོམ་ཁྲོད་མཚོ་རླབས་ཀྱི་འཇིགས་པ་བྱུང་མེད་པ་དང་། གཞུང་ཕྱོགས་ནས་ཁ་འཐོར་གྱི་མང་ཚོགས་རྣམས་རང་ཁྱིམ་དུ་ཕྱིར་ལོག་བྱ་ཆོག་པའི་བརྡ་ཁྱབ་བཏང་ཡོད་འདུག

ཉི་ཧོང་།

དེ་བཞིན་ཉིན་དེར་ཉི་ཧོང་གི་ཁུ་ཤུ་(Kyushu) ཞེས་པའི་ས་ཁུལ་དུའང་ས་ཡོམ་ཚད་རིམ་༧.༣ ཅན་ཞིག་བརྒྱབ་སྟེ། ད་ལྟའི་བར་ཤེས་རྟོགས་བྱུང་བ་ལྟར་ན་མི་༤༢ ཙམ་འདས་གྲོངས་སུ་གྱུར་ཡོད་པ་དང་། མི་༢༠༠༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་པའི་ཁྲོད་མི་༢༠༠ ཙམ་གྱི་རྨས་སྐྱོན་ཚབས་ཆེན་ཡིན་པ་རེད།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share this:
༢༧༤ ཀློག་གྲངས།