རྒྱ་གཞུང་གིས་གཞས་མ་ཞིག་གི་རོལ་དབྱངས་དུས་སྟོན་བཀག་སྡོམ་བྱས་པ།

འཛམ་གླིང་ནང་སྐད་གྲགས་ཆེ་བའི་ཨ་རིའི་གཞས་མ་སེ་ལི་ན་གྷོ་མེ་ཛེ་ཡིས་དེ་སྔོན་རྒྱ་ནག་གི་གྲོང་ཁྱེར་ཀང་ཀྲའུ་དང་ཧྲང་ཧེ་གཉིས་ལ་ཟླ་༨ པའི་ཚེས་༦ དང་༨ ཉིན་རོལ་དབྱངས་དུས་སྟོན་གྱི་ལས་རིམ་ཡོད་སྐོར་སྒེར་གྱི་དྲ་རྒྱའི་ཐོག་བཀོད་ཡོད་འདུག་པ་དང། ཉེ་ཆར་ལས་རིམ་དེ་གཉིས་དྲ་རྒྱ་ལས་ཕྱིར་འཐེན་བྱས་ཡོད་འདུག

13059628_1154265364597331_1476891318_nརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་དེ་སྔོན་ནས་གཞས་པ་དང་རོལ་དབྱངས་རུ་ཁག་ཁག་ཅིག་གིས་༧གོང་ས་མཆོག་དང་མཇལ་ཁ་ཞུས་པའམ། ཁོང་ལ་རྒྱབ་སྐྱོར་མཚོན་ཆེད་ཀྱི་དྲ་རྒྱའི་ཐོག་འཕྲིན་ཐུང་བྲིས་པ་སོགས་ཀྱི་རྐྱེན་པས། རྒྱ་ནག་ཏུ་གཞས་སྣ་ཁྲབ་སྟོན་བྱེད་པར་བཀའ་འགོག་བྱས་ཡོད་པས། གཞས་མ་སེ་ལི་ནས་ཀྱང་ཕྱི་ལོ་༢༠༡༤ ལོར་ཁེ་ན་ཊར་༧གོང་ས་མཆོག་དང་མཇལ་འཕྲད་བྱུང་བའི་དཔར་ཁ་ཤས་མོ་རང་གིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱར་བཀོད་ཡོད་འདུག་པས། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་གཞུང་གིས་ཁོ་མོའི་ཁྲབ་སྟོན་ལ་བཀག་སྡོམ་བྱས་པ་ཡིན་འདུག

13023722_1154265414597326_1832148572_nརྒྱ་གཞུང་གིས་༧གོང་ས་མཆོག་དང་བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་གཞས་པ་དང་གློག་བརྙན་འཁྲབ་སྟོན་པ་སོགས། རྒྱ་ནག་ནང་འཁྲབ་སྟོན་བྱེད་པར་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། དེ་ཡང་རྒྱ་ནག་ནང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གཞས་དང་གློག་བརྙན་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་པས། བཀག་སྡོམ་དེས་དོ་བདག་དེ་ཚོར་དཔལ་འབྱོར་འདུ་འགོད་བྱེད་པར་གནོད་སྐྱེལ་གྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༦༨ ཀློག་གྲངས།