བོད་རང་བཙན་རྒྱབ་སྐྱོར་བར་རྒྱ་ནག་གིས་ཐོངས་མཆན་མ་སྤྲད་པ།

བོད་རང་བཙན་གྱི་རྒྱལ་ཁབ་ཡིན་པ་ལ་རྒྱབ་སྐྱོར་བྱེད་མཁན་འཇར་མན་གྱི་གྲོས་ཚོགས་འཐུས་མིར། རྒྱ་ནག་གིས་ཐོངས་མཆན་སྤྲད་མི་འདུག

13228173_116_nའཇར་མན་གྱི་གྲོས་ཚོགས་འཐུས་མི་དང་། འཇར་མན་ཁྲིམས་བཟོའི་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་འགན་འཛིན་མཱེ་ཁེལ་བྷེ་རེན་ཊི་ལ། རྒྱ་གཞུང་གིས་ཐོངས་མཆན་སྤྲད་མེད་ཁར། ཁོང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་པ་དེ་རྒྱ་ནག་གཅིག་གི་སྲིད་བྱུས་དང་མི་མཐུན་པས། ཁོང་རྒྱ་ནག་ལ་ཡོང་ཆོག་གི་མེད་སྐོར་འགྲེལ་བརྗོད་བྱས་འདུག

མཱེ་ཁལ་གྱི་འགོ་ཁྲིད་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྣམས། ཟླ་འདིའི་ཟླ་མཇུག་ཏུ་བོད་ནང་དུ་སྐོར་བསྐྱོད་དུ་འགྲོ་འཆར་ཡོད་འདུག་ཀྱང། རྒྱ་གཞུང་གིས་ཐོངས་མཆན་མ་སྤྲད་ཁར། འཇར་མན་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས། ཁོང་གིས་བོད་ཐོག་བྲིས་པའི་རྩོམ་དང་མཆན་སོགས་དྲ་རྒྱ་ནས་སུབ་འདོན་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད་ཀྱང། ཁོང་གིས་ཁས་ལེན་བྱས་མེད་པ་རེད།

ཐོག་མར་ཁོང་ལ་ཐོངས་མཆན་མ་སྤྲད་དུས། དེ་སྔོན་ཁོང་གིས་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་སྐོར་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མྱོང་ཡོད་པས། རྒྱུ་མཚན་དེ་ཡིན་པར་དོགས་པ་བྱས་ཡོད་ཀྱང། རྗེས་སུ་རྒྱ་གཞུང་གིས་རྒྱུ་མཚན་དེ་མ་ཡིན་པར། ཁོང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཡིན་སྐོར་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༢༤ ཀློག་གྲངས།