དྷ་ས་ས་གནས་འགོ་འཛིན་གྱི་འོས་བསྡུ།

ཟླ་འདིའི་ཚེས་༢༥ ཉིན་བཞུགས་སྒར་དྷ་ས་ས་གནས་ཀྱི་ས་གནས་འགོ་འཛིན་སྔོན་འགྲོའི་འོས་བསྡུ་བྱས་ཡོད་པ་རེད།

dasa_vote1_2016_5_25འོས་བསྡུའི་ས་ཚིགས་མི་མང་ཉུང་ལ་ལྟོས་ནས་ས་གནས་ཁ་ཤས་ལ་ཉིན་གང་དང་ཁ་ཤས་ཉིན་ཕྱེད་བར་འོས་ཤོག་བླུགས་རྒྱུ་ཡོད་པ་དང། ཁྱོན་བསྡོམས་པའི་ས་ཚིགས་ཁག་༡༠ གོ་སྒྲིག་བྱས་ཡོད་འདུག

ད་ལྟའི་ཆར་མི་མང་གི་མདུན་དུ་དངོས་སུ། རང་ཉིད་འོས་སུ་ལངས་རྒྱུ་ཡིན་པའི་ཁྱབ་བསྒྲགས་ཀྱི་ཡིག་ཆ་སྦྱར་མཁན་འོས་མི་༤ བྱུང་ཡོད་པ་དང། འོས་ཤོག་གྲངས་བཤེར་སང་ཉིན་ནས་བྱེད་འགོ་ཚུགས་རྒྱུ་དང། དངོས་གཞིའི་འོས་བསྡུ་ནི་ཟླ་༦ པའི་ཚེས་༦ ཉིན་ཡིན་འདུག

བཙན་བྱོལ་བོད་མིའི་ས་གནས་གཞིས་ཆགས་ཁག་མང་པོ་ཞིག་ལ། ས་གནས་འགོ་འཛིན་གྱི་འོས་བསྡུ་བྱེད་ཐུབ་ཀྱི་མེད་པས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ས་གནས་འགོ་འཛིན་བསྐོ་ཡི་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༢༡༦ ཀློག་གྲངས།