ཇ་ཁང་གི་རིག་གནས།

“ཇ་ཁང་གི་རིག་གནས་”ཞེས་པ་འདི་ནི་༢༠༡༦ ལོར་རང་ཉིད་སྒེར་ཞིག་གི་ལས་འགུལ་ཆུང་ཆུང་ཞིག་ཡིན་པ་དང་ལས་འགུལ་འདིའི་བརྒྱུད་ནས་ལོ་འདི་ལ་ཇ་ཁང་གི་ནང་དུ་མཁས་པ་དང་སྒྱུ་རྩལ་བ། ལག་བཟོ་བ་དང་རྒན་རབས་པ། སློབ་གཉེར་བ་སོགས་རྒྱབ་ལྗོངས་མི་འདྲ་བའི་མི་༢༠ ཙམ་དང་ཁ་བརྡ་བྱེད་ཀྱི་ཡིན། ང་ཚོས་ནུབ་ཕྱོགས་པའི་རྒྱལ་ཁབ་དང་ཆེས་ཡར་ཐོན་ཅན་གྱི་རྒྱལ་ཁབ་་དེ་དག་ལ་བལྟས་ཡོང་དུས་དུས་རབས་༡༧་དང་༡༨ སྐབས་སུ་ཇ་ཁང་གི་རིག་གནས་ཞེས་པ་དེ་ཧ་ཅང་གི་ཁྱབ་ཆེན་པོ་ཞིག་དར་འདུག་ལ། དགེ་རྒན་དང་སློབ་གཉེར་གྱི་བར་ལ་ཇ་ཁང་གི་ནང་དུ་བསླབ་པ་སློབ་གཉེར་བྱེད་པ། ཤེས་ཡོན་པའི་ནང་ཁུལ་ལ་གོ་བསྡུར་དང་བགྲོ་གླེང་འཚོགས་པ། ཇ་ཁང་གི་ནང་དུ་གསར་འགྱུར་བསྡུ་རུབ་དང་རྩོམ་སྒྲིག་བྱེད་པ། ཁྱིམ་ཚང་གི་གནས་སྟངས་གླེང་བ། སྤྱི་ཚོགས་ཤིག་གོང་འཕེལ་གཏོང་བར་གནད་དོན་གང་ལ་ཐུགས་ཁུར་བྱེད་དགོས་པའི་ཐོག་བསམ་བློ་བརྗེ་རེས་བྱེད་པ། དཔེ་དེབ་ལྟ་ཀློག་བྱེད་པ། དཔེ་དེབ་ཀྱི་དཔྱད་གཏམ་སྤེལ་བ་སོགས་ཆབ་དཔལ་རིག་གསུམ་གྱི་བརྗོད་གཞི་ཐོག་ཁ་བརྡ་བྱེད་ཀྱི་ཡོད་རེད། ཇ་ཁང་གི་རིག་གནས་ཞེས་པ་འདིས་དུས་རབས་༡༨ པ་དེ་རྒྱུ་མཚན་དང་གནས་ལུགས། རྟོག་སད་ཀྱི་དུས་རབས་ཤིག་ཏུ་བསྒྱུར་ཡོད།

ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་ཚུར་ལ་གཅིག་བལྟ་ནས་ང་ཚོས་ཇ་ཁང་གི་ནང་དུ་ཅི་ཞིག་བྱེད་ཐུབ་ཀྱི་འདུག་ཅེས་པའི་དྲི་བ་ཞིག་ཡོང་དགོས་པ་དེ་གནད་འགག་ཞིག་ལ་བརྩི་དགོས་པའི་གནས་སྟངས་རེད། བོད་པ་ཚོ་ཇ་ལ་དགའ་བ་ཚད་མེད་པ་ཞིག་རེད། ཉིན་གཅིག་ལ་ཆུ་ཚོད་བཞི་ལྔ་ཙམ་ཇ་ཁང་དུ་སྡོད་མཁན་ཧ་ཅང་གི་མང་པོ་རེད། འོན་ཀྱང་དུས་ཚོད་དེ་དག་གི་རིང་དུ་བོད་མི་རིགས་དང་བོད་མི་རིགས་ཀྱི་ཤེས་ཡོན་གྱི་གནས་སྟངས། སྤྱི་ཚོགས་ཀྱི་བདེ་སྡུག སྤྱི་ཚོགས་ཤིག་གོང་འཕེལ་གཏོང་བར་ཐབས་ལམ།། དེབ་ཀློག་གི་དཔྱད་གཏམ་སྤེལ་བ། ཡང་ན་དཔེ་དེབ་ཀློག་པ། ཡང་ན་བགྲོ་གླེང་འཚོགས་པ། ཡང་ན་སྒྱུ་རྩལ་གྱི་ལམ་སྣེ་དང་འཕྲོད་བསྟེན་གླེང་བ་སོགས་མི་རིགས་ཤིག་ལ་མཚོན་ན་ངེས་པར་དུ་གླེང་དགོས་པའི་སྐད་ཆ་ཧ་ཅང་གི་མང་པོ་ཞིག་གླེང་རྒྱུ་ལུས་ཡོད་རེད་དེ་ད་དུང་རྣམ་གཡེང་གིས་བཟི་ནས་ལུས་ཡོད་པ་དེ་གསལ་པོ་རེད། གྲངས་ཀ་བརྩིས་ན་ཇ་ཁང་གི་ནང་དུ་དུས་ཚོད་གཏོང་མཁན་ཨང་དང་པོ་བོད་པ་རེད། འོན་ཀྱང་ཇ་ཁང་གི་ནང་དུ་དུས་ཆོད་སྐྱེལ་སྟངས་ཐབས་སྡུག་ཤོས་དེ་བོད་པ་རེད་ལབ་ན་མི་འགྲིག་པ་མེད།
མི་རིགས་གཞན་པ་ཇ་ཁང་གི་ནང་དུ་ཕུགས་འདུན་་དང་དམིགས་ཡུལ། འཆར་གཞི་དང་གྲ་སྒྲིག ཤེས་ཡོན་དང་སྤྱི་ཚོགས། མི་རིགས་དང་ཆབ་སྲིད། སློབ་སྦྱོང་དང་སློབ་ཁྲིད་སོགས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཛུགས་བསྐྲུན་གྱི་རྩ་བ་དེ་དག་གི་ཆེད་དུ་ཡོང་གི་ཡོད་རེད། ང་ཚོ་ལ་མཚོན་ན་ལུས་ལ་ཐོགས་པའི་ཕོ་བ་ཆུང་ཆུང་དེ་དང་ཇ་ཁང་གི་ནང་གི་ཇ་ཕོར་པ་དེའི་ཆེད་དུ་ཆུ་ཚོད་གསུམ་བཞི་ཙམ་འཕྲོ་བརླག་བྱེད་དུ་ཡོང་བ་ལས་གཞན་དམིགས་ཡུལ་དང་འཆར་གཞི་ཡོད་མཁན་ཉུང་ཉུང་རེད། མི་རིགས་ཤིག་འདི་ལྟ་བུའི་ལམ་དུ་ཉམས་རྒུད་འགྲོ་བ་དང་སྤྱི་ཚོགས་ཤིག་འདི་ལྟ་བུའི་ལམ་དུ་འཐུས་ཤོར་འགྲོ་བ་དེ་གསལ་པོ་རེད། དེ་བས་ང་ཚོས་གཞན་ལ་མིག་དཔེ་བལྟས་ནས་ཇ་ཁང་དེ་མི་རིགས་དང་རྒྱལ་ཁབ། སྤྱི་ཚོགས་དང་ཤེས་ཡོན་གླེང་སའི་སྡིངས་ཆ་ཞིག་ཏུ་བསྒྱུར་དགོས།
གུས་མོས་གདན་འདྲེན་ཞུས་པའི་མི་སྣ་རྣམས་ཀྱི་གཏམ་བཤད་དང་ལན་འདེབས་ཀྱི་ཕྱོགས་བསྡུས་རེ་ཐད་གཏོང་དང་ཡིག་ཐོག་གང་རུང་གྱི་ལམ་ནས་ཕུལ་རྒྱུ་ཡིན་པས་ངོ་དེབ་ཀྱི་གྲོགས་པོ་རྣམ་པས་རྒྱབ་སྐྱོར་གང་མང་གནང་རོགས། བཀའ་དྲིན་ཆེ།
………………………………………….ཇ་ཁང་གི་རིག་གནས་ནས། ༢༠༡༦།༦།༤ཉིན། གཙོ་གཉེར་པ་དོན་གྲུབ་སྒྲོལ་མ། ངོ་དེབ།

Coffeehouse culture.
Coffeehouse Culture is 2016 personal resolution for better Tibet and future Tibetan progression. I have driven this idea from English literature of 18th century. Eighteenth century is Age of Enlightenment and Age of Reason which was proficiently influenced by newly emerged culture, Coffeehouse culture. People engage to coffeehouse for book review, book reading, to debate, to teach, to learn, to analyze and for all prolific, constructive motives and activities. They have clear objectives on engagement to make day better transferred and more empowered for people, education ,community, and bases of all.
But if we look back to our own society and people only we can find ourselves spending 2-3 hours in coffee house merely for coffee cups ,and we even don’t remember things left untold and unmoved in our minds and in our surroundings which is indispensable to be talked and be discussed, which we should have moved in past twenty years.
So,acknowledge what we are lacking for and catch every single time to recompense for better and progressed Tibet. Start breaking stillness to move forth and lift up ourselves to bring another Age of Tibetan enlightenment and Tibetan shining. Come to coffeehouse with a purpose, preparation, motive, and learning mind.
Hope all face book page fellows support coffeehouse culture. Jest of interview and talks will be uploaded or to make appeared on live stream sequentially. Thank you all.
……………………………Coffeehouse culture.
4/6/2016

 

Share this:
༡༥༥ ཀློག་གྲངས།