ལྷ་ས་དང་ཀ་ཏེ་མན་ཊོ་བར་གྱི་ཐད་གཏོང་འགྲིམ་འགྲུལ་སླར་གསོ།

བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་དང་བལ་ཡུལ་གྱི་ལས་བྱེད་བར་ལ་ལྷ་ས་དང་བལ་ཡུལ་གྱི་རྒྱལ་ས་ཀ་ཏེ་མན་ཊོ་བར་གྱི་འགྲུལ་སྐྱེལ་རླངས་འཁོར་འགྲོ་རྒྱུ་སླར་གསོ་བྱེད་རྒྱུའི་མོས་མཐུན་བྱུང་འདུག

13566057_1199387246751809_1130710603_nདེ་ཡང་ཟླ་༦ པའི་ཚེས་༣༠ ཉིན་བལ་ཡུལ་གྱི་རྒྱལ་ཁབ་ཅེས་པའི་གསར་ཤོག་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ། བལ་ཡུལ་དང་བོད་རང་སྐྱོང་ལྗོངས་བར་གྱི་ཡུལ་སྐོར་སྤྲོ་འཆམ་འབྲེལ་མཐུད་ལྷན་ཚོགས་ཐེངས་༩ པའི་ཐོག ཕྱོགས་གཉིས་བར་གན་རྒྱ་དོན་ཚན་༡༩ བཞག་འདུག་པ་དང། ཕྱོགས་གཉིས་བར་ཕྱི་ལོ་༢༠༠༥ ལོའི་ཟླ་༥ པའི་ནང་འགོ་འཛུགས་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་འགྲུལ་བཞུད་ཐད་ཀར་གཏོང་རྒྱུ་དེ་ཕྱི་ལོ་༢༠༠༦ ནས་ཐོངས་མཆན་སོགས་རྒྱུ་མཚན་མང་དག་ཞིག་གིརྐྱེན་པས་མཚམས་འཇོག་བྱས་ཡོད་ནའང་། ཐེངས་འདིར་ལས་དོན་དེ་སླར་གསོ་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་འདུག

ཕྱོགས་གཉིས་བར་གནམ་གྲུ་སོགས་ཀྱི་འགྲུལ་བཞུད་དང། དེའི་རིན་གོང་འཚམ་པོ་བཟོ་རྒྱུ་སོགས་ཀྱི་མོས་མཐུན་ཡང་བྱུང་ཡོད་འདུག
ཕྱི་ལོ་༢༠༡༥ ལོར་བལ་ཡུལ་དུ་ས་ཡོམ་གོད་ཆག་བྱུང་རྗེས། རྒྱ་གར་གྱིས་དགོས་མཁོའི་ཅ་དངོས་བལ་ཡུལ་ལ་མཁོ་སྤྲོད་མ་བྱས་པར་བརྟེན། ལུང་པ་དེའི་ནང་དཀའ་ངལ་ཆེན་པོ་འཕྲད་ཡོད་པས། ད་ལྟའི་ཆར་བལ་ཡུལ་དང་རྒྱ་ནག་གཉིས་བར་ཚོང་འབྲེལ་ཆེད་དུ་མེ་འཁོར་ལྕགས་ལམ་གསར་བཟོ་སོགས། འགྲུལ་བཞུད་བདེ་པོ་ཡོང་ཐབས་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༦༡ ཀློག་གྲངས།