སྦེང་ལོར་དུ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།

13567469_1417905358224117_72442215_n༢༠༡༦ ལོའི་༸གོང་ས་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན། ཟླ་འདིའི་ཚེས་༣ ཉིན་རྒྱ་གར་སྦེང་ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་བའི་བཀའ་སློབ་ལག་བསྟར་བྱེད་རྒྱུ་གལ་ཆེན་དུ་མཐོང་ནས་རྒྱ་གར་ཡུལ་མི་དབུལ་པོ་རྣམས་ལ་གྱོན་ཆས་དང་། དྭ་ཕྲུག་རྣམས་ལ་ཟས་སྦྱིན་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

སྐབས་དེར་བོད་ཁྱིམ་དང་ཏཱ་ལའི་བླ་མ་མཐོ་སློབ་ནས་ཞལ་འདེབས་གནང་ཡོད་པ་དང་། དེ་ནི་རྒྱལ་བའི་བཀའ་གསུང་བཞིན་“འགྲོ་བ་མི་གཅིག་མཚུངས་བཞིན་ང་ཚོ་ཚང་མ་གཅིག་རེད་”ཅེས་མི་མང་ཚོར་འགྲེལ་བརྗོད་བྱས་ཡོད་པ་རེད། ཉིན་དེའི་ཞོགས་པ་གསང་གསོལ་དང་རྒྱལ་བའི་ཞབས་བསྟན་བསྒྲུབས་པ་དང་། དེ་རྗེས་མཛད་སྒོ་འཚོགས་ཏེ་བོད་ཁྱིམ་དབུས་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་སོགས་སྐུ་མགྲོན་མང་པོ་ཕེབས་ཡོད་པ་རེད།
13600334_1414871281860858_3724393860086066401_nསྦེང་ལོར་ས་གནས་གཞོན་ནུའི་འགོ་ཁྲིད་འོག་བོད་པའི་མཐོ་རིམ་སློབ་མའི་བར་ལག་རྩེད་སྤོ་ལོའི་འགྲན་སྡུར་ཞིག་གོ་སྒྲིག་བྱས་པ་དང་།  དེའི་ནང་བུ་རྩེད་འགྲན་པ་ “ཀ་ཁ་ག་ང་རུ་ཁག་” དང་། བུ་མོ་རྩེད་འགྲན་པ་“ཆིག་སྒྲིལ་རུ་ཁག་” ལ་ཨང་དང་པོའི་རྒྱལ་ཁ་ཐོབ་ཡོད་པ་རེད།
དགོང་མོ་རྒྱལ་བའི་འཁྲུངས་སྐར་གྱི་དགོང་ཚོགས་འཚོགས་པ་དང་། རིག་གཞུང་འཁྲབ་སྟོན་སོགས་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༤༤ ཀློག་གྲངས།