ཡུ་རོབ་རྐང་སྤོལ་འགྲན་སྡུར་གྱི་མཐའ་མའི་རྒྱལ་ཁ་པོར་ཇུ་གྷལ་ལ་ཐོབ་འདུག

ཕྱི་ལོ་༢༠༡༦ ལོའི་ཧྥ་རན་སིར་ཚུགས་པའི་ཡུ་རོབ་རྒྱལ་ཁབ་༢༤ བར་གྱི་རྐང་སྤོལ་འགྲན་སྡུར་གྱི་མཐའ་མའི་རྒྱལ་ཁ་དེ་པོ་ཇུ་གྷལ་ལ་ཐོབ་ཡོད་པ་རེད།
13646918_1205658249458042_2007440901_oཕྱི་ཟླ་༦ པའི་ཚེས་༡༠ ནས་ཟླ་༧ པའི་ཚེས་༡༠ བར་ཡུ་རོབ་ཧྥ་རན་སིའི་གྲོང་ཁྱེར་འདྲ་མིན་གྱི་རྐང་སྤོལ་རྩེད་ཐང་༡༠ ཡི་སྟེང་དུ། རྐང་སྤེལ་འགྲན་སྡུར་བྱས་ཏེ། ཟླ་འདིའི་ཚེས་༡༠ ཉིན་ཧྥ་རན་སི་དང་པོ་ཇུ་གྷལ་བར་མཐའ་མའི་རྩེ་ཕུད་ཀྱི་རྩེད་འགྲན་བྱས་ནས། རྩེད་འགྲན་གྱི་དུས་ཚོད་ངོ་མ་རྫོགས་ནས་དུས་ཚོད་འཕར་མའི་ནང་པོ་ཇུ་གྷལ་གྱིས་སྤོ་ལོ་གཅིག་བླུགས་ནས་རྒྱལ་ཁ་བླངས་ཡོད་པ་རེད།
ལོ་བཞི་རེའི་མཚམས་ཀྱི་ཡུ་རོབ་རྒྱལ་ཁབ་ནང་ཁུལ་གྱི་རྐང་སྤོལ་འགྲན་བསྡུར་དེ་ཕྱི་ལོ་༡༩༦༠ ནས་འགོ་འཛུགས་བྱས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་༤ ཡི་བར་ལ་རྩེད་འགྲན་བྱས་ཡོད་པ་རེད། རིམ་བཞིན་རྒྱལ་ཁབ་༨ དང་། ༡༦ བར་ལ་རྩེད་འགྲན་བྱས་ཡོད་འདུག ཕྱི་ལོ་༢༠༡༦ ལོར་རྒྱལ་ཁབ་༢༤ ཡི་བར་ལ་རྩེད་འགྲན་བྱས་ཡོད་པ་རེད། ད་བར་སེ་པན་དང་ཇར་མན་རྒྱལ་ཁབ་གཉིས་ཀྱི་རྒྱལ་ཁ་ཐེངས་གསུམ་རེ་དང་ཧྥ་རན་སིས་རྒྱལ་ཁ་ཐེངས་གཉིས། ཨི་ཊ་ལི། པོ་ཇུ་གྷལ། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ། ཌེན་མག གྷི་རི་སི། ཧོ་ལན་ཌི། ཆེག་སི་ལོ་ཝ་ཁི་ཡ་བཅས་ཀྱི་རྒྱལ་ཁ་ཐེངས་གཅིག་རེ་བླངས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༠ ཀློག་གྲངས།