གསར་འགོད་པའི་ས་མིག་གསལ་བསྒྲགས།

387222_100795020034053_320513492_nའདི་ག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་རྩོམ་སྒྲིག་གཙོ་གཉེར་བྱེད་བཞིན་པའི་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་དང། སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱའི་གསར་འགོད་པ་གཅིག་དགོས་པས། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་པ་རྣམས་ཀྱིས་ཕྱི་ལོ་༢༠༡༦ ཟླ་༧ ཚེས་༣༠ ནང་ཚུད་ངེས་པར་དུ་འདི་ག་སྲི་ཞུ་ཁང་ལ་ཡིག་ཐོག་སྙན་ཞུ་འབྱོར་དགོས། སྙན་ཞུ་དང་མཉམ་དུ་གཤམ་གསལ་དགོས་མཁོའི་ཡིག་ཆ་ཁག་དང། རང་ཉིད་ཀྱི་ཤེས་ཚད་ལག་ཁྱེར་གྱི་ངོ་བཤུས་རྣམས་ཀྱང་ཆབས་འབུལ་ཞུ་དགོས། སྙན་ཞུ་འབྱོར་མཁན་རྣམས་ལས་ཤེས་ཚད་རྒྱུགས་སྤྲོད་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན་ཞིང་། སྙན་ཞུའི་ནང་རང་ཉིད་ཀྱི་ཁ་པར་ཨང་གྲངས་དང་གློག་འཕྲིན་(email)ཁ་བྱང་བཅས་གསལ་པོ་འཁོད་དགོས། འདེམས་སྒྲུག་ཟིན་རྗེས་དགོས་མཁོའི་མཐུན་རྐྱེན་རྣམས་སྲི་ཞུ་ཁང་གི་སྒྲིག་གཞིའི་ནང་གསལ་ལས་བྱེད་སྤྱི་མཚུངས་ལྟར་འཐོབ་རྒྱུ་ཡིན་པ་བཅས་དེ་ལུགས་དགོངས་འཇགས་ཞུ།

གཤམ་གསལ་དགོས་མཁོའི་ཆ་རྐྱེན་ཁག
༡༽     བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་ཡོད་པ་དང་དཔྱ་དངུལ་དུས་ཐོག་ཕུལ་ཟིན་པ།
༢༽     རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་ཡོད་པ།
༣༽     བོད་ཡིག་མཐོ་སློབ་ཐོན་པའམ་དེ་དང་མཉམ་པའི་ཤེས་ཚད་ཡོད་པ།
༤༽     རྒྱ་ཡིག་ནས་བོད་སྒྱུར་གྱི་ཤེས་ཡོན་ཚད་ལྡན་ཡོད་ན་རབ་དང། ཡང་ན་དབྱིན་ཡིག་ནས་བོད་སྒྱུར་གྱི་ཤེས་ཡོན་ཚད་ལྡན་ཡོད་པ།
༥༽      གློག་ཀླད་ཀྱི་རྨང་གཞིའི་ཤེས་ཚད་ཡོད་པ།
༦༽      གསར་འགོད་རིག་པའི་སྐོར་ལ་ཆེད་སྦྱོང་ཡོད་པའམ། ལས་ཀའི་ཉམས་མྱོང་ཡོད་པ། ཧིན་དི་སོགས་སྐད་ཡིག་གཞན་གྱི་ ཤེས་ཚད་ཡོད་ན་དམིགས་བསལ་ཆ་རྐྱེན་དུ་བརྩི་རྒྱུ་ཡིན།
༧༽      གཟུགས་ཐང་ལས་ཕེར་ཡིན་པ་རྒྱ་བོད་ཀྱི་སྨན་ཁང་གང་རུང་ནས་ངོས་སྦྱོར་ངེས་པར་དུ་ཡོད་དགོས།
༨༽       དམའ་མཐའ་ལོ་གསུམ་ལ་སྲི་ཞུ་ཁང་དུ་ལས་ཀ་བྱ་རྒྱུའི་ཆོད་སེམས་ཡོད་པ་བཅས་དགོས།
ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་ཕྱི་ལོ་༢༠༡༦ ཟླ་༧ ཚེས་༡༡ ལ།

ཡིག་ཚང་ཁ་པར། 01892 226175/229302

ལག་འཛིན་ཁ་པར། 9816178505

གློག་འཕྲིན་ཁ་བྱང། toktsatsang@gmail.com

འབྲེལ་གཏུག་ཁ་བྱང་།

Khawa Karpo Tibet Culture Centre

C.M.O Road, P.O Dharamsala-176215 Distt. Kangra (H.P)

 

Share this:
༣༣ ཀློག་གྲངས།