ཏོ་རོན་ཀྲོ་ཆོལ་གསུམ་རུ་ཁག་ལ་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་པ།

བྱང་ཨ་རིའི་ཁུལ་ལ་ཐེངས་དང་པོ་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་འཚོགས་ཡོད་པ་དང་། མཐའ་མའི་རྒྱལ་ཁ་ཊོ་རོན་ཀྲོ་ཆོལ་གསུམ་རྐང་སྤོལ་རུ་ཁག་གིས་བླངས་འདུག
13672303_1206853669338500_507814336_nཟླ་འདིའི་ཚེས་༧ ནས་ཚེས་༡༠ བར་ཁེ་ན་ཌའི་ཊོ་རུན་ཀྲོར། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡོད་པའི་བོད་མིའི་རྐང་སྤོལ་རུ་ཁག་བར་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་བྱས་ཡོད་པ་དང་། དེ་གར་མཉམ་ཞུགས་བྱེད་མཁན་ཨ་རི་དང་ཁེ་ན་ཌ་ནས་རུ་ཁག་༡༢ ཡོད་པ་རེད།
རྩེད་འགྲན་གོ་སྒྲིག་བྱེད་མཁན་ནི་ཊོ་རོན་ཊོ་ནང་རྟེན་གཞི་བྱས་པའི་གངས་ལྗོངས་ཆོས་ལྡན་གླིང་དང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་གཉིས་ཡིན་པ་དང་། ཟླ་འདིའི་ཚེས་༡༠ ཉིན་རྩེད་འགྲན་མཐའ་མ་དེ་ཊོ་རོན་ཀྲོ་ཆོལ་གསུམ་རུ་ཁག་དང་ནིའུ་ཡོག་བོད་ཀྱི་རྐང་སྤོལ་རུ་ཁག་ཀ་པ་གཉིས་ཀྱི་བར་ལ་རྩེས་ནས། མཐའ་མ་རྒྱལ་ཁ་དེ་ཊོན་རོན་ཀྲོའི་རུ་ཁག་ལ་ཐོབ་འདུག
ཨང་རིམ་དང་པོ་ལ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གྱི་གཟེངས་རྟག་དང་ཨ་སྒོར་༣༠༠༠ དང་། ཨང་རིམ་གཉིས་པར་ཨ་སྒོར་༡༠༠༠ ཡི་བྱ་དགའ་ཐོབ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༧ ཀློག་གྲངས།