བལ་ཡུལ་གློ་སྨོན་ཐང་གི་དགོན་པའི་ལྡེབས་རིས་བསྐྱར་གསོ།

ཟླ་འདིའི་ཚེས་༢ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུ་སྤེལ་གསལ། བལ་ཡལ་གློ་སྨོན་ཐང་སྟོད་ཕྱོགས་ཀྱི་དགོན་པ་དང་མཆོད་རྟེན་སོགས་ཀྱི་གནའ་བོའི་ལྡེབས་རིས་རྣམས། རྩ་མེད་ཆགས་ཉེན་ཡོད་པས། དེ་དག་བསྐྱར་གསོ་བྱེད་པའི་ལས་འཆར་འགོ་འཛུགས་བྱས་ཡོད་འདུག

13681900_1220940107929856_1573682645_oབལ་ཡུལ་གྱི་ཨ་རིའི་གཞུང་ཚབ་པས་ལྡེབས་རིས་དེ་དག་ནི་རྙིང་པ་དང་རྩ་ཆེན་པོ་ཡིན་པས། དེ་དག་མེད་པར་གྱུར་ན་བལ་ཡུལ་མི་མང་དང་འཛམ་གླིང་གི་གྱོང་གུན་ཆེན་པོ་ཡིན་སྐོར་བརྗོད་འདུག་པ་དང་། ཕྱི་ལོ་༢༠༠༨ ལོར་ཨ་རིའི་གཞུང་ནས་གློ་སྨིན་ཐང་གི་རྒྱལ་པོར། ལྡེབས་རིས་དེ་དག་བསྐྱར་གསོ་བྱེད་ཆེད་ཨ་སྒོར་༢༣,༠༠༠ གི་རོགས་དངུལ་སྤྲད་ཡོད་འདུག

ཕྱི་ལོ་༢༠༡༥ ལོའི་བལ་ཡུལ་གྱི་ས་ཡོམ་ཆེན་པོའི་ཁྲོད། འཛམ་གླིང་ནང་ལྡེབས་རིས་ཐོག་དཀྱིལ་འཁོར་ཕྱོགས་བསྡུས་མང་ཤོས་ཡོད་པའི་བྱམས་པ་ལྷ་ཁང་དང་། ཉེ་འཁོར་དུ་ཡོད་པའི་དགོན་པ་སོགས་ནང་པའི་གནས་མང་པོར་གཏོར་སྐྱོན་བྱུང་ཡོད་འདུག་པས། དེ་དག་སྔར་བཞིན་བསྐྱར་གསོ་བྱེད་བཞིན་ཡོད་འདུག

གློ་སྨོན་ཐང་སྟོད་ཕྱོགས་ལ་ཕྱི་མི་འགྲོ་ཆོག་པ་ཐོག་མར་ཕྱི་ལོ་༡༩༩༢ བྱས་ཡོད་པ་དང་། དེར་ཡོད་པའི་ནང་པའི་ལྡེབས་རིས་དག་གིས་གནའ་བོའི་ནང་ཆོས་སྐོར་ལ་གོ་རྟོགས་ཆེན་པོ་སྤྲོད་ཐུབ་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༦༨ ཀློག་གྲངས།