ཧོང་ཀོང་མི་མང་གི་རང་བཙན་ཁྲོམ་སྐོར་ལས་འགུལ་ཐེངས་དང་པོ།

ཧོང་ཀོང་མི་མང་སྟོང་ཕྲག་ཁ་ཤས་ཀྱིས་ཧོང་ཀོང་ལ་རང་བཙན་དགོས་པའི་དགོས་པའི་མངོན་འདོད་སྟོན་ཆེད་རྔམས་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་འདུག

13933067_1223134527710414_926655910_nཟླ་འདིའི་ཚེས་༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧོང་ཀོང་ནང་ད་བར་དུ་གསར་འགོད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་མེད་པར། རྒྱ་ནག་གིས་ཧོང་ཀོང་འོས་བསྡུའི་ལམ་ལུགས་ལ་ཐེ་བྱུས་སོགས་ཀྱི་ཐོག་ལ། ངོ་རྒོལ་ལས་འགུལ་ཐེངས་མང་བྱས་ཡོད་ཀྱང་། མི་མང་ནང་རང་བཙན་གྱི་ཁྲོམ་སྐོར་ལས་འགུལ་སྤེལ་བ་ཐེངས་དང་པོ་ཆགས་ཡོད་འདུག

དེ་ཡང་ཉེ་བའི་ཆར་ཧོང་ཀོང་འོས་བསྡུ་ལས་ཁང་གིས་རང་བཙོན་དོན་གཉེར་བ་དྲུག ཟླ་༩ པའི་ཧོང་ཀོང་གྲོས་ཚོགས་འོས་མིར་ངོས་ལེན་མ་བྱས་པར་བཀག་འགོག་བྱས་ཡོད་པས། ཐེངས་འདིར་ཧོང་ཀོང་རྒྱལ་ཡོངས་ཚོགས་པས་ཁྲོམ་སྐོར་ལས་འགུལ་དེ་གོ་སྒྲིག་བྱས་ཡོད་པ་རེད། སྐབས་དེར་འོས་མིའི་ནང་འགྲན་ཞུགས་མ་བཅུག་པའི་འོས་མི་༥ སླེབས་ནས། མི་མང་ལ་གཏམ་བཤད་བྱས་ཡོད་འདུག དེ་བཞིན་ཉིན་༡༢ སྔོན་དུ་ཧོང་ཀོང་མཐོ་སློབ་ཅིག་གིས་བསམ་ཤོག་བསྡུ་ལེན་བྱས་པ་བརྒྱུད། ཧོང་ཀོང་མི་མང་༦ རེ་ལས་༡ གིས་རང་བཙན་འདོད་ཀྱི་ཡོད་པའི་སྙན་ཐོ་ཞིག་བཏོན་ཡོད་པ་རེད།

མི་མང་མཉམ་ཞུགས་བྱེད་མཁན་གྱི་ཁ་གྲངས་ལ་ཉེན་རྟོག་པས་༢༠༠༠ ནས་༣༠༠༠ བར་ཡོད་སྐོར་བརྗོད་འདུག་ཀྱང་། ཧོང་ཀོང་རྒྱལ་ཡོངས་ཚོགས་པའི་མི་མང་༡༠,༠༠༠ ལས་མང་བ་མཉམ་ཞུགས་བྱས་ཡོད་སྐོར་བརྗོད་འདུག

ཉེ་བའི་ཆར་རྒྱ་ནག་གཞུང་གིས་བརྙན་ཐུང་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང་། དེའི་ནང་དུ་གལ་ཏེ་ཧོང་ཀོང་དང་ཐའེ་ཝན། བོད་དང་ཤིན་ཅང་སོགས་ཀྱི་རང་བཙན་རྩོད་མཁན་དག་ལ་མཇུག་འབྲས་ཡག་པོ་མི་ཡོང་བའི་ཉེན་བརྡ་བཏང་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༩ ཀློག་གྲངས།