སྦེང་ལོར་ས་གནས་གཞོན་ལྷན་དབུས་གཞོན་ལྷན་འོག་ཏུ་འདུག་རྒྱུ་ཐག་གཅོད།

ཚེས་༧ ཉིན་སྦེང་ལོར་ས་གནས་གཞོན་གཞོན་ལྷན་ནང་འོས་བསྡུ་བྱས་ནས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོདས་འོག་ཏུ་འདུག་རྒྱུ་མང་མོས་ཐག་གཅོད་བྱུང་ཡོད་འདུག

13918863_10210509341674891_768748178_oདེ་ཡང་ཟླ་འདིའི་ཚེས་༧ ཉིན་རྒྱ་གར་གྱི་གྲོང་ཁྱེར་བྷང་ལོར་དུ་ཡོད་པའི་མཐོ་སློབ་དུ་འགྲོ་བཞིན་པའི་བོད་པའི་སློབ་མ་རྣམས་དང་། ས་གནས་བོད་མི་རྣམས་ཀྱིས་མང་མོས་འོས་འདེམས་ཐོག་བྷང་ལོར་ས་གནས་གཞོན་ནུ་ལྷན་ཚོགས་དེ་ཉིད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འོག་ཏུ་སྡོད་རྒྱུ་ཐག་གཅོད་བྱུང་ཡོད་པ་རེད།

༢༠༡༣ ལོའི་གཞོན་ལྷན་ཚོགས་ཆེན་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་ཁུལ་བསམ་ཚུལ་མི་མཐུན་པ་དང་ལྟ་བ་ལངས་ཕྱོགས་མི་མཐུན་པའི་དབང་གིས་དབུས་གཞོན་ནུས་ཁྱབ་ཁུངས་ས་གནས་འགའ་ཞིག་དབུས་གཞོན་ནུ་ལས་ལོགས་སུ་སོང་ཡོད་ན་ཡང།  སྦེང་ལོར་ས་གནས་གཞོན་ནུ་ལྷན་ཚོགས་དེ་ཉིད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་སླར་ཡང་ཆིག་སྒྲིལ་བྱུང་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༨༧ ཀློག་གྲངས།