འབར་མའི་ནང་ས་ཡོམ་གྱི་གནོད་སྐྱོན།

འབར་མའི་ནང་ས་ཡོམ་ཤུགས་ཚད་རིམ་པ་༦.༨ དང་། གཏིང་ཚད་སྤྱི་ལེ་༨༤ ཅན་ཞིག་བརྒྱབས་ནས། ད་ལྟའི་ཆར་ཉུང་མཐའ་ཡང་མི་༣ ཤི་བ་དང་། ལྷ་ཁང་དང་མཆོད་རྟེན་༩༤ གཏོར་སྐྱོན་ཤོར་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

earth2016_8དེ་ཡང་བརྒྱུད་ལན་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་༥ པའི་གཡས་གཡོན་ལ་འབར་མའི་ནང་ས་ཡོམ་ཤུགས་ཆེན་ཞིག་བརྒྱབས་ཡོད་པ་དང་། ས་འགུལ་ལྟེ་བ་ནི་འབར་མའི་ནུབ་ཕྱོགས་སུ་ཡོད་པའི་གྲོང་ཁྱེར་ཅོག་ (Chauk) ནས། རྒྱང་ཐག་སྤྱི་ལེ་༢༥ ཙམ་ལ་ཆགས་པའི་གནའ་བོའི་འབར་མའི་ལྷ་ཁང་གི་གྲོང་ཁྱེར་བྷ་གྷན་(Bagan)ཡིན་འདུག  ས་འགུལ་གྱི་ཤུགས་རྐྱེན་འབར་མའི་ཤར་ཕྱོགས་སུ་ཡང་བྱུང་ཡོད་པ་མ་ཟད། རྒྱ་གར་གྱི་མངའ་སྡེ་ཀོལ་ཀ་ཊ་དང་། ཐེ་ལན་ཌིའི་རྒྱལ་ས་བྷེང་ཀོག དེ་བཞིན་བྷང་ལ་ལྡེ་ཤིའི་རྒྱལ་ས་དྷ་ཀ་བཅས་ལ་ཡང་ཤུགས་རྐྱེན་ཐེབས་ཡོད་འདུག

ས་འགུལ་ལྟེ་གནས་གྲོང་ཁྱེར་བྷ་གྷན་ནི། གནའ་བོའི་འབར་མའི་རྒྱལ་ས་ཡིན་པ་དང་། དེང་གི་ཆར་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་འཚང་ཀ་ཆེ་ས་ཞིག་ཡིན་འདུག ཕྱི་ལོ་༡༩༧༥ ལོར་ས་ཡོམ་ཞིག་བརྒྱབས་ནས། ལྷ་ཁང་མང་པོ་ཞིག་ལ་གཏོར་བཤིག་ཐེབས་ཡོད་ཀྱང་ཕྱིས་སུ་ཞིག་གསོ་བྱས་ཡོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༠༩ ཀློག་གྲངས།