སྐྱེ་སྒོ་འགོག་ཐབས།

སྐྱེ་སྒོ་འགོག་ཐབས། (Birth Control)
དེང་དུས་སྨན་གཞུང་ནས་ནང་དོན་སྙིང་བསྡུས་ཤིག་བསྒྱུར།
བྱང་པ་ངག་ཚེ།

སྐྱེ་སྒོ་འགོག་ཐབས་ཞེས་པ་ནི་ཁྱིམ་ཚང་ཞིག་གི་མི་འབོར་ཚད་བཀག་བྱེད་པའི་ཐབས་ལམ་ཞིག་ལ་ཟེར་ཞིང་།  དེ་ལ་ཁེ་ཕན་གྱི་རྣམ་པ་གཉིས་ཡོད་པ་ནི་ཁྱིམ་ཚང་གི་ཁེ་ཕན་དང་རྒྱལ་ཁབ་ཀྱི་ཁེ་ཕན་གཉིས་ཡིན།  དང་པོ།  ཁྱིམ་ཚང་གི་ཁེ་ཕན།  སྤྱིར་གནའ་སྔ་མོའི་དུས་སུ་ནང་མི་མང་བའི་ཁྱིམ་ཚང་ལ་ཆེ་མཐོང་དང་ཡོན་ཏན་དུ་བསམ་མཁན་མང་མོད།  འོན་ཀྱང་ད་ལྟ་དེ་ལས་ལྡོག་ཏེ་ནང་མི་མང་བའི་ཁྱིམ་ཚང་ནི་ཉེན་ཁ་ཅན་དང་།  ཁུར་པོ་ལྕི་པོ་ཞིག་ལ་བརྩི་བཞིན་ཡོད།  ཅིའི་ཕྱིར་ཞེ་ན་ནང་མི་མང་བ་ཇི་ཙམ་གྱི་ཕྲུ་གུ་རྣམས་ལ་ཆུང་ས་ནས་ཟས་གོས་ཀྱི་དཀའ་ངལ་དང་།  ཤེས་ཡོན་གྱི་གོ་སྐབས་བསྐྲུན་མི་ཐུབ་པའི་དཀའ་ངལ་སྣ་ཚོགས་ཡོད་པ་མ་ཟད།  ཕྲུ་གུ་བསྟུད་མར་སྐྱེ་མཁན་གྱི་བུད་མེད་དོ་བདག་གི་གཟུགས་པོའི་འཕྲོད་བསྟེན་ལའང་གནོད་སྐྱོན་བྱུང་།  ཕྲུ་གུ་ཇི་ཙམ་མང་བ་དེ་ཙམ་གྱི་ཕྲུ་གུ་རྣམས་ལ་ཕ་མ་སྤུན་མཆེད་ཚོས་བྱམས་སྐྱོང་དང་ལམ་སྟོན་ལྟ་སྐྱོང་ཚད་ལྡན་ཞིག་ཐོབ་མི་ཐུབ།  ཕ་མའི་ལྟ་སྐྱོང་ཚད་ལྡན་ཞིག་མ་བྱུང་བར་བརྟེན་ཕྲུ་གུ་དེ་དག་རང་མགོ་མི་ཐོན་པས་སྤྱི་ཚོགས་ལ་ཕན་མེད་ཀྱི་ཁུར་པོ་ལྕི་པོ་བཟོ་མཁན་གྱི་མི་ཞིག་ཏུ་འགྲོ་མཁན་མང་།  དེར་བརྟེན་ཁྱིམ་ཚང་སོ་སོའི་ཕྲུ་གུའི་གྲངས་འབོར་ཚད་བཀག་བྱེད་རྒྱུ་དེ་ནི་གལ་གནད་ཆེན་པོ་ཞིག་ཆགས་ཡོད།  གཉིས་པ། རྒྱལ་ཁབ་ཀྱི་ཁེ་ཕན།  དེ་ཡང་མི་འབོར་མང་དྲགས་ན་རང་བྱུང་ཁམས་ཀྱི་ཤིང་ནགས་དང་གཏེར་དངོས།   ཆུ་སོགས་ཚད་ལས་བརྒལ་བར་ལོངས་སུ་སྤྱད་ནས་རང་བྱུང་ཁམས་ཀྱི་ཐོན་ཁུངས་ཡོངས་རྫོགས་ཉམས་ཆག་དང་རྩ་སྟོང་དུ་འགྲོ་བ་དང་།   དེ་ལྟ་བུའི་གནས་སྟངས་ལ་མི་འབོར་གྱི་འབར་གས་ཞེས་བརྗོད།  དེར་བརྟེན་སའི་གོ་ལའི་སྟེང་དུ་གནས་པའི་མི་འབོར་སྤྱི་དང་། བྱེ་བྲག་ཁྱིམ་ཚང་སོ་སོའི་ཕྲུ་གུའི་གྲངས་འབོར་རྣམས་ཚད་བཀག་ངེས་ཅན་ཞིག་བཟོ་དགོས།

སྐྱེ་སྒོ་འགོག་ཐབས་ལ་རང་བཞིན་གྱི་སྐྱེ་སྒོ་འགོག་ཐབས་དང་རང་བཞིན་མ་ཡིན་པའི་སྐྱེ་སྒོ་འགོག་ཐབས་གཉིས་ཡོད།
ཀ  རང་བཞིན་གྱི་སྐྱེ་སྒོ་འགོག་ཐབས།  Natural Method
རང་བཞིན་གྱི་སྐྱེ་སྒོ་འགོག་ཐབས་ལ་ཡོ་བྱད་དང་སྨན།  འཕྲུལ་ཆས་རིགས་བེད་སྤྱོད་གཏོང་མི་དགོས།  རང་བཞིན་གྱི་སྐྱེ་སྒོ་འགོག་ཐབས་ལ་ཐབས་ལམ་གསུམ་ཡོད།
༡ ) འཁྲིག་སྦྱོར་མི་སྤྱད་པར་བསྡད་པ།
༢ ) ཁུ་བ་ཕྱིར་ཕྱུང་བའི་ཐབས་ལམ།
༣ ) ཟླ་མཚན་འཕེལ་འགྲིབ་གྱི་དུས་བཀག་ལ་འཁྲིག་སྲུང་ཐབས་ལམ།

1.འཁྲིག་སྦྱོར་མི་སྤྱད་པར་བསྡད་པའི་ཐབས་ལམ
ཐབས་ལམ་འདི་ནི་རང་ཉིད་འཁྲིག་སྦྱོར་གྱི་ལམ་དུ་མི་ཞུགས་པར་ཚངས་སྤྱོད་གནས་རྒྱུ་དེ་རེད།  དེ་ལྟར་བྱས་ན་ཕྲུ་གུ་ཆགས་པའི་གོ་སྐབས་མེད།

དགེ་མཚན།

  • ཐབས་ལམ་འདི་ལ་ཡོ་བྱད་དང་སྨན། འཕྲུལ་ཆས་སོགས་བེད་སྤྱོད་གཏོང་མི་དགོས།
  • ཟུར་ཕོག་ནད་གཞི་མི་འབྱུང་བ།
  • གཉན་ནད་རེག་དུག་(AIDS)དང་འཁྲིག་སྦྱོར་འགོས་ནད་(STD)གཉིས་འགོག་སྲུང་བྱེད་ཐུབ།

ཉེས་སྐྱོན།

  • ཁ་ནས་བཤད་སླ་ཡང་དོན་དངོས་ལག་བསྟར་བྱེད་རྒྱུར་ཁག་པོ་ཡོད།
  • ལྟ་གྲུབ་ཀྱི་ཆ་ནས་ཐབས་ལམ་བཟང་ཡང་ལག་ལེན་དུ་འགེལ་སྐབས་དཀའ་ངལ་འཕྲད།
  • འཁྲིག་སྦྱོར་གྱི་བདེ་བའི་ཕོངས་པའི་གྱོང་གུད།
  • སྤྱི་ཚོགས་དང་སེམས་ཁམས་ལ་བར་ཆད་བཟོ་བ།

2.ཁུ་བ་ཕྱིར་ཕྱུང་བའི་ཐབས་ལམ།

ཁུ་བ་ཕྱིར་ཕྱུང་བའི་ཐབས་ལམ་གྱིས་འཁྲིག་སྦྱོར་བྱེད་རྒྱུར་དགག་ཆ་མི་བྱེད་པར་འཁྲིག་སྦྱོར་དངོས་སྐབས་ཁུ་བ་འབྱུང་གྲབས་བྱེད་མ་ཐག་ཕོ་མཚན་མོ་མཚན་གྱི་ནང་ནས་ལམ་སེང་ཕྱིར་འདོན་དགོས།  དེས་མངལ་དུ་ཁུ་བ་གསོག་འཇོག་བྱེད་ཀྱི་མེད་པས་མངལ་དུ་ཕྲུ་གུ་ཆགས་ཐུབ་ཀྱི་མེད།

དགེ་མཚན།

  • ཐབས་ལམ་འདི་ལ་ཡོ་བྱད་དང་སྨན། འཕྲུལ་ཆས་སོགས་བེད་སྤྱོད་གཏོང་མི་དགོས།
  • ཟུར་ཕོག་ནད་གཞི་འབྱུང་གི་མེད།
  • སྟབས་བདེའི་ཐབས་ལམ་ཞིག་ཡིན།
  • འཁྲིག་སྦྱོར་གྱི་ཚོར་བ་ཡོངས་སུ་མྱོང་ཐུབ།

ཉེས་སྐྱོན།

  • ལག་ལེན་བསྟར་རྒྱུར་ཁག་པོ་ཡོད།
  • མངལ་དུ་ཕྲུ་གུ་ཆགས་པའི་ཉེན་ཁ་ཡོད།
  • ཐབས་ལམ་ཚད་ལྡན་ཞིག་ཆགས་མེད།
  • གཉན་ནད་རེག་དུག་(AIDS)དང་འཁྲིག་སྦྱོར་འགོས་ནད་(STD)གཉིས་འགོག་སྲུང་བྱེད་མི་ཐུབ།

3.ཟླ་མཚན་འཕེལ་འགྲིབ་ཀྱི་དུས་བཀག་ལ་འཁྲིག་སྲུང་ཐབས་ལམ།
  སྤྱིར་ལོ་བཅུ་གཉིས་ནས་ལྔ་བཅུ་བར་གྱི་བུད་མེད་རྣམས་ལ་ཞག་ཉེར་བརྒྱད་ཀྱི་ནང་དུ་ཟླ་མཚན་ཐེངས་རེ་འབྱུང་བ་ནི་རྒྱུན་ལྡན་ཞིག་ཡིན། དེ་འདྲའི་ཞག་ཉེར་བརྒྱད་ཀྱི་དཀྱིལ་མ་ཞག་བཅུ་བཞིའི་མཚམས་ལ་ཁམས་དམར་སྒོ་ང་རྣམས་ཡོངས་སུ་སྨིན་པར་གྱུར་ཏེ་སྒོ་ང་རྣམས་ཕྱིར་འཛག་ཐོན་བྱེད།  དེ་ཡང་ལུས་ཁམས་ཀྱི་གནས་ལུགས་ནས་བཤད་ན་མོའི་ཁམས་དམར་སྒོ་ང་རྣམས་ལེགས་པར་སྨིན་ཞིང་འཛག་ཐོན་བྱས་རྗེས་ཉིན་གཉིས་ཧྲིལ་པོ་འཚོ་ཐུབ་པ་དང་།   དེ་བཞིན་སྐྱེས་པའི་ཁུ་བ་ཡང་མངལ་དུ་ཞག་གཉིས་ཙམ་གསོན་པོར་བསྡད་ཐུབ།  དེ་ལྟར་མོའི་ཁམས་དམར་སྒོ་ང་དག་ལེགས་པར་སྨིན་སྐབས་(Ovalation)འཁྲིག་སྦྱོར་བྱས་ན་མངལ་དུ་ཕྲུ་གུ་ཆགས་པའི་ཉེན་ཁ་ཆེན་པོ་ཡོད།   དེར་བརྟེན་ཕྲུ་གུ་སྐྱེ་མི་འདོད་པ་རྣམས་ཀྱིས་དུས་སྐབས་དེར་འཁྲིག་སྦྱོར་ལ་འཛེམས་དགོས།   མོའི་ཁམས་དམར་སྒོ་ང་ཆ་ཚང་མ་སྨིན་པའི་དུས་འཁྲིག་སྦྱོར་བསྟེན་ན་མངལ་དུ་ཕྲུ་གུ་ཆགས་པའི་ཉེན་ཁ་དེ་ཙམ་མེད།  ཞག་ཉེར་བརྒྱད་ཀྱི་ནང་དུ་ཟླ་མཚན་ཐེངས་རེ་འབབ་པ་དང་།  ཟླ་མཚན་བབས་པའི་ཞག་དང་པོ་ནས་ཞག་བཅུ་བར་དང་།   དེ་ནས་ཞག་བཅུ་བདུན་ནས་མཐར་ཞག་ཉེར་བརྒྱད་བར་མངལ་དུ་ཕྲུ་གུ་མི་ཆགས་པའི་དུས་ཚོད་ཡིན།

དགེ་མཚན།

  • ཐབས་ལམ་འདི་ལ་ཡོ་བྱད་དང་སྨན། འཕྲུལ་ཆས་སོགས་བེད་སྤྱོད་གཏོང་མི་དགོས།
  • ཟུར་ཕོག་ནད་གཞི་འབྱུང་གི་མེད།

ཉེས་སྐྱོན།

  • ཐབས་ལམ་བཟང་ཤོས་ཤིག་ཆགས་མེད།
  • མངལ་དུ་ཕྲུ་གུ་ཆགས་མི་ཐུབ་པའི་དུས་བཀག་འཁེལ་བཞིན་དུ་འཚམས་རེ་ཕྲུ་གུ་ཆགས་སྲིད།
  • ཟླ་མཚན་གྱི་དུས་ཡུན་ལ་འཕེལ་འགྲིབ་འབྱུང་སྲིད།
  • ལག་ལེན་བསྟར་རྒྱུ་ཁག་པོ་ཡོད།
  • གཉན་ནད་རེག་དུག་(AIDS)དང་འཁྲིག་སྦྱོར་འགོས་ནད་(STD)གཉིས་པོ་འགོག་སྲུང་བྱེད་མི་ཐུབ།

ཁ རང་བཞིན་མ་ཡིན་པའི་སྐྱེ་སྒོ་འགོག་ཐབས།

རང་བཞིན་མ་ཡིན་པའི་སྐྱེ་སྒོ་འགོག་ཐབས་ལ་དམིགས་བསལ་ཡོ་བྱད་དང་སྨན།  རྫས་སྦྱོར་སོགས་འཕྲུལ་ཆས་རིགས་བཀོལ་སྤྱོད་བྱེད་ནས་སྐྱེ་སྒོ་འགོག་ཐབས་བྱེད་པ་དང་།    ཐབས་ལམ་དེ་ལ་རྣམ་གྲངས་མང་ཡང་འདིར་མདོར་ཙམ་བཀོད་ན།
༡ ཁུ་བ་དཀར་དམར་ཕན་ཚུན་འགྲོ་འོང་འགོག་ཐབས།
༢ རྫས་སྦྱོར་གྱི་འགོག་ཐབས།  Chemical Method
༣ སྐུལ་རྒྱུའི་(ཁམས་སམ་ཐིག་ལེ།)འགོག་ཐབས། Hormonal Method
༤ ཡོ་བྱད་བཀོལ་སྤྱོད་ཀྱིས་སྐྱེ་སྒོ་འགོག་ཐབས།  Contraceptive devices-IUCDS OR IUDS
༥ བཤག་བཅོས་ཀྱི་འགོག་ཐབས།  Surgical Method
1.ཁུ་བ་དཀར་དམར་འགྲོ་འོང་འགོག་ཐབས།
དེ་ཡང་ཕོ་མོ་སོ་སོར་བཀོལ་སྤྱོད་བྱེད་རྒྱུ་རེ་རེ་ཡོད།  ༡ ཕོའི་ཁུ་བ་འགྲོ་འོང་འགོག་བྱེད་དེ་ལ་རླིག་ཤུབས་སམ་འགྱིག་ཤུབས་(Condom)བརྗོད།  དེ་ནི་འཁྲིག་སྦྱོར་དངོས་སྐབས་ཕོའི་མཚན་མར་གཡོག་ནས་འཁྲིག་པ་བསྟེན་ན་མོའི་མཚན་མའི་ནང་དུ་ཁུ་བ་འཛག་མི་ཐུབ་པར་བརྟེན་མངལ་དུ་ཕྲུ་གུ་ཆགས་མི་ཐུབ།   ༢ མོའི་ཁུ་བ་འགྲོ་འོང་འགོག་བྱེད་དེ་ལ་(diaphragm)ཟེར།  ཡོ་བྱད་དེ་འཁྲིག་སྦྱོར་མ་བསྟེན་གོང་མོའི་མཚན་ལམ་ནང་དུ་བཅུག་དགོས་པ་དང་།   དེས་ཕོ་ཡི་ཁུ་བ་མངལ་ནང་དུ་འགྲོ་མི་བཅུག་པར་འགོག་སྲུང་བྱེད་ཐུབ་པར་བརྟེན་མངལ་དུ་ཕྲུ་གུ་ཆགས་ཀྱི་མེད།

དགེ་མཚན།

  • སྟབས་བདེའི་ཐབས་ལམ་ཞིག་ཡིན།
  • ཚད་དང་ལྡན་པའི་ཐབས་ལམ་ཞིག་ཡིན།
  • གཉན་ནད་རེག་དུག་(AIDS)དང་འཁྲིག་སྦྱོར་འགོས་ནད་(STD)གཉིས་པོ་འགོག་སྲུང་བྱེད་ཐུབ།

ཉེས་སྐྱོན།

  • ཆགས་པའི་འདོད་པ་ཡོངས་སུ་བསྐོང་མི་ཐུབ།
  • མངལ་དུ་ཕྲུ་གུ་ཆགས་པའི་ཉེན་ཁ་ཕྲན་བུ་ཡོད།
  • རླིག་ཤུབས་དང་སྟུ་ཤུབས་དག་ཉར་རྒྱུ་དང་འཁྱེར་རྒྱུ། ཉོ་རྒྱུ་ངོ་ཚ་དང་སེམས་འཚབ་འབྱུང་བ།

2.རྫས་སྦྱོར་གྱི་འགོག་ཐབས།

རྫས་སྦྱོར་གྱི་འགོག་ཐབས་ལ་གཙོ་བོ་spermicidal ཞེས་པའི་རྫས་དེ་བཀོལ་སྤྱོད་བྱེད་པ་དང་།  རྫས་སྦྱོར་དེ་ངོ་བོ་ལྦུ་བ་སོབ་སོབ་དང་ལྡེ་གུ  བྱུག་སྣུམ་བཅས་ཀྱི་ཐོག་ནས་བེད་སྤྱོད་གཏོང་གི་ཡོད།  རྫས་སྦྱོར་དེ་དག་འཁྲིག་སྦྱོར་མ་བསྟེན་སྔོན་དང་།  ཡང་ན་འཁྲིག་སྦྱོར་བྱས་མ་ཐག་བཀོལ་སྤྱོད་བྱེད་དགོས།   ཇི་ལྟར་བཀོལ་སྤྱོད་བྱེད་དགོས་སྙམ་ན་spermicidal ཞེས་པའི་རྫས་སྦྱོར་དེས་མོའི་མཚན་ལམ་ཆུ་བཤལ་ལྟ་བུ་གཏོང་དགོས་པ་དང་།   དེས་ཁུ་བ་རྣམས་བསད་པས་མངལ་དུ་ཕྲུ་གུ་ཆགས་ཐུབ་ཀྱི་མེད།

དགེ་མཚན།

  • ལག་ལེན་བསྟར་བདེ་བའི་ཐབས་ལམ་ཞིག་ཡིན།

ཉེས་སྐྱོན།

  • ཚད་ལྡན་གྱི་ཐབས་ལམ་ཞིག་མ་ཡིན།
  • མངལ་དུ་ཕྲུ་གུ་ཆགས་པའི་ཉེན་ཁ་ཡོད།
  • ཕྲུ་གུ་ཆགས་སྲིད་པའི་ཞེ་སྣང་གིས་འཁྲིག་སྦྱོར་བདེ་བ་ཡོངས་སུ་མྱོང་མི་ཐུབ།
  • ལུས་པོར་མི་འཕྲོད་པར་ཟ་འཕྲུག་ལངས་པའི་ནད་གཞི་འབྱུང་བ།

    3.སྐུལ་རྒྱུའི་སྐྱེ་སྒོ་འགོག་ཐབས།  Hormonal  method

སྐུལ་རྒྱུའི་(Hormonal)སྐྱེ་སྒོ་འགོག་ཐབས་ཞེས་པ་དེ་ནི་ཁ་ལ་བཟའ་རྒྱུ་ཡོད་པའི་སྐྱེ་འགོག་རིལ་བུ་ཞིག་ཡིན།  རིལ་བུ་དེའི་ནང་དུ་མོའི་འཁྲིག་སྤྱོད་steriods ཞེས་པ་དེ་ལྡན།   དེ་ལ་དབྱེ་བ་འགའ་ཞིག་ཡོད།

  1. མཉམ་སྡེབ་རིལ་བུ། combination pills
  2. Sequential pills
  • རིལ་བུ་ཆུང་ངུ་། mini pills
  1. སྐུལ་རྒྱུ་མ་ཡིན་པའི་རིལ་བུ། non hormonal pills
  2. Morning after pill

ཁ་ལ་ཟ་རྒྱུའི་སྐུལ་རྒྱུ་རིལ་བུས་མོའི་སྐུལ་རྒྱུ་steroid ཡི་ཁྲག་གི་གར་ཚད་འཕེལ་སྐྱེད་གཏོང་བ་དང་།  དེ་ས་FSH དང་LH སྐུལ་རྒྱུ་གཉིས་ཀྱི་གཤེར་ཁུ་འཛག་ཐོན་བཀག་འགོག་བྱེད།

དེ་ལྟར་མོའི་ཁམས་དམར་སྒོ་ང་སྨིན་རྒྱུར་བཀག་འགོག་བྱེད་པར་བརྟེན་མངལ་དུ་ཕྲུ་གུ་ཆགས་ཐུབ་ཀྱི་མེད།
དགེ་མཚན།

  • ལག་བསྟར་བྱེད་སླ་བའི་སྟབས་བདེའི་ཐབས་ལམ།
  • སྨན་རྣམས་རིན་གོང་ཁེ་པོར་ཐོབ།
  • ཚད་དང་ལྡན་པའི་ཐབས་ལམ་ཞིག་ཡིན།
  • ཕྲུ་གུ་ཆགས་རྒྱུའི་ཞེད་སྣང་བྱེད་མི་དགོས།

ཉེས་སྐྱོན།

  • ཟུར་ཕོག་ནད་གཞི་འབྱུང་བ།
  • གཉན་ནད་རེག་དུག་(AIDS)དང་འཁྲིག་སྦྱོར་འགོ་ནད་(STD)གཉིས་འགོག་སྲུང་བྱེད་མི་ཐུབ།
  • སྐབས་རེ་འབྲས་ནད་(Cancer)ཀྱི་ནད་གཞི་རིགས་འབྱུང་སྲིད་པ།
  • སྨན་དེ་དག་ཉར་ཚགས་བྱེད་རྒྱུ་དང་ཉོ་རྒྱུར་སེམས་འཚབ་འབྱུང་བ།
  1. ཡོ་བྱད་ཀྱི་སྐྱེ་སྒོ་འགོག་ཐབས། IUCDS & IUDS

ཡོ་བྱད་ཀྱི་སྐྱེ་སྒོ་འགོག་པའི་ཐབས་ལམ་འདི་ལ་མཚོན་ན་སྐྱེ་འགོག་ཡོ་བྱད་IUCDS དང་IUDS རྣམས་བུ་སྣོད་ཀྱི་ནང་ངོས་སུ་བཞག་པའམ་བླུགས་དགོས།  དཔེར་ན་ཨ་ལོང་ལྟ་བུར་བཞག་པ་དང་།  བུ་སྣོད་ཀྱི་ལྡེབས་ངོས་སུ་བཞག་པའི་ཡོ་བྱད་དེས་བུ་སྣོད་འཁུམ་པའམ་སྡུད་པར་བྱེད།  དེས་མངལ་གྱི་ཤ་མ་(placenta)དང་ཁུ་ལེན་གོང་བུ་(Zygote)གཉིས་སྨིན་རྒྱུ་དང་འཚར་ལོངས་བྱེད་དུ་མི་བཅུག་པར་བརྟེན་མངལ་དུ་ཕྲུ་གུ་ཆགས་མི་ཐུབ་པར་སྔོན་འགོག་བྱེད།

དགེ་མཚན།

  • ཕྱེད་གཏན་འཇགས་ཀྱི་ཐབས་ལམ་ཞིག་ཡིན།
  • རྒྱུན་དུ་སྐྱེ་སྒོ་འགོག་ཐབས་ཀྱི་སེམས་ཁྲལ་བྱེད་མི་དགོས།
  • བརྗེ་འགྱུར་བྱེད་བདེ་བའི་ཐབས་ལམ་ཞིག་ཡིན། ནམ་ཞིག་བཟའ་ཚང་གང་ཞིག་ལ་ཕྲུ་གུ་འདོད་ན་ཡོ་བྱད་དེ་མངལ་ནས་ཕྱིར་འདོན་ཐུབ་ཅིང་།  ཕྲུ་གུ་སྐྱེས་ཐུབ།

 ཉེས་སྐྱོན།

  • སྨན་པ་ཚད་ལྡན་ཞིག་གི་ལམ་སྟོན་དང་རམ་འདེགས་དགོས།
  • དོ་བདག་རང་གི་བེད་སྤྱོད་ལག་བསྟར་བྱེད་མི་ཐུབ།
  • ཟུར་ཕོག་ནད་གཞི་འབྱུང་སྲིད།
  • དཔེར་ན། མངལ་གྱི་ནང་དུ་གཉན་ཚད་དང་གཉན་ཁ་འབྱུང་བ།
  1. བུ་སྣོད་ནས་ཁྲག་འཛགས་པ།

iii.ལུས་པོ་མི་བདེ་བ་དང་ཟུག་གཟེར་གཏོང་བ།

  • གཉན་ནད་རེག་དུག་(AIDS)དང་འཁྲིག་སྦྱོར་འགོས་ནད་(STD)གཉིས་འགོག་བསྲུང་བྱེད་མི་ཐུབ།
  1. བཤག་བཅོས་ཀྱི་སྐྱེ་སྒོ་འགོག་ཐབས།

སྐྱེས་པའི་བཤག་བཅོས་ཀྱི་སྐྱེ་སྒོ་འགོག་ཐབས་བྱེད་པ་ལ་ཝསིཏྲོ་མི་vasectomy བརྗོད་པ་དང་།  བུད་མེད་ཀྱི་བྱེད་ཐབས་དེ་ལ་ཏྲུབིཏྲོ་མི་tubectomy ཟེར།

 

Share this:
༨༤༠ ཀློག་གྲངས།