ཆུ་སྒང་འགན་འཛིན་ལྷན་ཚོགས་ཐེངས་༤༠ པ།

དབུས་རྒྱུན་ལས་རྣམ་པ། ས་གནས་ཁག་གི་ཆུ་སྒང་རྒྱུན་ལས་རྣམས་ཚོགས་བཅར་ཞུས་ཡོད་པ་རེད། སྐབས་འདིར་དབུས་རྒྱུན་ལས་ཀྱི་ལོ་འཁོར་གཅིག་གི་སྔོན་རྩིས་ཧིན་སྒོར་འབུམ་༨༤ ལྷག་ཅིག་བཀའ་འཁྲོལ་ཞུས་པའི་ཁོངས་ནས་སྒོར་འབུམ་གཉིས་དང་ཕྱེད་ཙམ་གཅོག་ཆ་གནང་སྟེ་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་དང། ལོ་འདིའི་ནང་དབུས་རྒྱུན་ལས་ཁང་གི་རྒྱུན་གྲོན་དང། དྷེ་ར་དྷུན་ཀ་ལ་མན་ཊོན་དུ་ཡོད་པའི་ཆུ་སྒང་རྒས་གསོ་ཁང་གི་འགྲོ་གྲོན། མཐོ་སློབ་འགྲིམས་བཞིན་པ་མི་བཅུ་ལ་སློབ་ཡོན་ཁ་སྣོན་གྱི་འགྲོ་གྲོན། ཆུ་སྒང་ལག་ཤེས་སློབ་གཉེར་དང། ཟློས་གར་གསར་འཛུགས་བཅས་ཀྱི་འགྲོ་གྲོན་སོགས་ཡིན་པ་རེད། དེ་བཞིན་ཚོགས་འདུ་འདིའི་ཐོག་ཏུ་རྩིས་ཞིབ་ཚོགས་ཆུང་གིས་ལོ་འཁོར་གཅིག་རིང་གི་རྩིས་ཁྲ་ལ་རྩིས་ཞིབ་བྱས་པའི་སྙན་ཐོ་ལ་བགྲོ་གླེང་དང། ས་གནས་ཡན་ལག་ཁག་གི་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་ཞུས་པ་དང་འབྲེལ་ཚོགས་ཞུགས་པ་ཡོངས་ཀྱིས་བགྲོ་གླེང་གནང་ཡོད་པ་རེད། དེ་བཞིན་ཚོགས་འདུ་ཉིན་གསུམ་རིང་༧གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་ཐོག་ནས་མ་ཎི་དུང་སྒྲུབ་དང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དང་འབྲེལ་བ་མི་བྱེད་རྒྱུ། མི་རིགས་ས་གནས་རང་སྐྱོང་གི་བསམ་འཆར་ལ་ངོས་ལེན་མེད་པ་སོགས་གྲོས་ཆོད་དོན་ཚན་༡༠ ཡོད་པ་བགྲོ་གླེང་ཞིབ་ཕྲ་བྱས་ནས་གཏན་འབེབས་བྱས་ཡོད་པ་རེད།།

Share this:
༢༣ ཀློག་གྲངས།