ཡུ་རོབ་ནང་སྐྱབས་བཅོལ་བ་ལེན་ཐུབ་རྒྱུའི་ཚད་གཞི་བརྒལ་གྲབས་འདུག་ཟེར།

ཟླ་འདིའི་ཚེས་༥ ཉིན་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་སྟེང་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ཏུ་འཚོགས་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་༡༩ དང་། ཡོ་རོབ་མཐུན་ཚོགས་བཅས་ཀྱི་ཚོགས་འདུའི་(G20)ཐོག ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཌོ་ནལ་ཌི་ ཊ་སི་ཀི་(Donald Tusk) ཡིས། ཡུ་རོབ་ནང་སྐྱབས་བཅོལ་བ་མང་དྲགས་ནས་ཚད་ལས་ལས་བརྒལ་གྱི་ཡོད་པ་དང་། སྐྱབས་བཅོལ་བའི་གནས་བབ་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཁུར་མཉམ་ལེན་དང་། ཕྱ་བ་གྲུ་འདེགས་བྱེད་དགོས་སྐོར་བརྗོད་ཡོད་འདུག དེ་བཞིན་ཟླ་འདིའི་ཚེས་༤ ཉིན། ཚོགས་འདུའི་ཟུར་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ་ཡང་“ཡུ་རོབ་ནང་སྐྱབས་བཅོལ་བ་གསར་པ་ལེན་ཐུབ་རྒྱུའི་ཚད་གཞི་ལས་བརྒལ་གྱི་འདུག་”ཅེས་བརྗོད་ཡོད་འདུག

14182525_231566250578771_880432000_nདེ་བཞིན་ཊ་སི་ཀིས་“འཛམ་གླིང་ཁྱོན་ཡོངས་སུ་ད་ཆ་སོ་སོའི་ས་ཆར་སྡོད་མི་ཐུབ་མཁན་མི་ས་ཡ་༦༥ ཙམ་ཡོད་པ་དེ་དག་གི་ཐད། ཚོགས་འདུ་འདིའི་ཚོགས་ཞུགས་རྒྱལ་ཁབ་ཚང་མས་འཁུར་མཉམ་ལེན་བྱེད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་འདུག”ཅེས་བརྗོད་ཡོད་འདུག་ལ། དེ་བཞིན་ཁོང་གིས་“སྐྱབས་བཅོལ་བ་ཡོང་ཁུངས་ཀྱི་རྒྱལ་ཁབ་རྣམས་ལ་དཔལ་འབྱོར་སོགས་ཀྱི་ཐད་ཡར་རྒྱས་གཏོང་རྒྱུའི་འོས་འགན་དེ། སྟོབས་ཆེན་རྒྱལ་ཁབ་ཁག་ཚང་མར་ཡོད་པ་མ་ཟད་རྒྱ་ནག་ལ་ཡང་ཡོད་རེད་ཅེས་དང་། འཛམ་གླིང་ཁྱོན་ཡོང་ནས་རོགས་སྐྱོར་བྱས་ན་གཞི་ནས་དོན་དང་ལྡན་པའི་གྲུབ་འབྲས་ཡོང་གི་རེད་”ཅེས་བརྗོད་ཡོད་འདུག

ཕྱི་ལོ་༢༠༡༥ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལས་དོན་ཁང་གི་སྙན་ཐོ་རུ་གསལ་བ་ལྟར་ན། འཛམ་གླིང་མི་འབོར་ཐེར་འབུམ་༧ ལས་ས་ཡ་༦༥.༣ ནི་སོ་སོའི་ས་ཆར་གནས་སྡོད་བྱེད་མི་ཐུབ་མཁན་ཆགས་ཡོད་པའི་གནས་ཚུལ་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༥༧ ཀློག་གྲངས།