བོད་དོན་སྐད་འབོད།

དཔོན་པོ་རྫ་ཉིན་སྲིབ་གཉིས་ཀྱི་མི་མང་སྟོང་ཕྲག་བཞི་ལྷག་ཅིག་འཛོམས་ཏེ། སྟག་གཟིག་དང་། སྲམ། ཝ་སོགས་ཀྱི་པགས་པ་མེར་བསྲེགས་ཤིང་། ཀི་བསྭ་ལྷ་རྒྱལ་བཏང་སྟེ་བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་པའི་འབོད་སྒྲ་བསྒྲགས་ཡོད་འདུག
སྐབས་དེར་རྫ་སྨད་ཆུའི་ཀྱི་ཉེན་རྟོགས་པ་སླེབས་ཀྱང་འགོག་ཐུབ་མི་འདུག དེ་རྗེས་ཧྲི་ཅུའི་རྫོང་གི་རྒྱ་དམག་སླེབས་ཉེའི་མཚམས་སུ། དགོན་པའི་བླ་མ་རྣམས་ཀྱིས་མི་མང་ལ་མཚམས་འཇོག་རོགས་གསུངས་ནས་གནས་སྐབས་མཚམས་བཞག་སྟེ། རང་རང་སོ་སོའི་སར་ལོག་ཡོད་འདུག དེ་རྗེས་རྫོང་གི་རྒྱ་དམག་འབོལ་ཆེན་སླེབས་འདུག་མོད་གནས་སྐབས་མི་སུ་ཡང་འཇུ་བཟུང་བྱེད་ཐུབ་མེད་པའི་གནས་ཚུལ་བོད་ནས་ཁ་པར་བརྒྱུད་འབྱོར་འདུག།།

Share this:
༣༦ ཀློག་གྲངས།