རྒྱ་ནག་གི་སློབ་ཆེན་སློབ་མའི་འཁྲིག་སྤྱོད་དང་འབྲེལ་བའི་དཀའ་རྙོག

རྒྱ་ནག་གི་སློབ་ཆེན་སློབ་མ་བརྒྱ་ཆ་༣༠ ལྷག་གིས་འཁྲིག་སྤྱོད་དང་འབྲེལ་བའི་བཙན་དབང་དང་བརྙས་བཅོས་མྱོང་གི་ཡོད་འདུག

14527565_245593675842695_247037522_nདེ་ཡང་འདི་ལོའི་ཕྱི་ཟླ་༩ པའི་ཕྱི་ཚེས་༢༩ ཉིན་ཧོང་ཀོང་རང་དབང་གསར་ལམ་དུ་གནས་ཚུལ་འཁོད་གསལ་ལྟར་ན། རྒྱ་ནག་ཁྱིམ་ཚང་འཆར་འགོད་ཚོགས་པའི་(CFPA) བཀོད་མངགས་འོག པེ་ཅིང་མི་མང་འཕྲོད་བསྟེན་གཙུག་ལག་སློབ་གྲྭས་ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༦ པ་ནས་ཕྱི་ཟླ་༨ པའི་བར་དུ་མི་གྲངས་༡༧,༩༦༦ ལ་འདྲི་རྩད་ཀྱི་ལམ་ནས་རྒྱ་ནག་ནང་འཁྲིག་སྤྱོད་དང་འབྲེལ་བའི་བཙན་དབང་དང་བརྙས་བཅོས་ཀྱི་གནས་ཚུལ་ག་ཚོད་ཡོད་མེད་ཐད་ལྟ་ཞིབ་བྱས་ཡོད་པ་ལས། དྲི་ལན་འདེབས་མཁན་བུད་མེད་བརྒྱ་ཆ་༦༠.༤ དང་སྐྱེས་པ་༣༩.༦ བྱུང་ཡོད་འདུག  སྤྱི་ཡོངས་ཀྱི་དྲི་ལན་འདེབས་མཁན་བརྒྱ་ཆ་༣༥.༡ གིས་ཁོ་རང་ཚོས་འཁྲིག་སྤྱོད་དང་འབྲེལ་བའི་བཙན་དབང་དང་བརྙས་བཅོས་མྱོང་གི་ཡོད་པའི་ལན་འདེབས་བྱས་ཡོད་འདུག

བུད་མེད་བརྒྱ་ཆ་༣༤.༨དང་སྐྱེས་པ་བརྒྱ་ཆ་༣༥.༦ གིས་རིགས་མྱུག་སྤེལ་ནུས་ཀྱི་ན་ཚོད་(puberty) སྐབས་སུ་འཁྲིད་སྤྱོད་དང་འབྲེལ་བའི་མནར་གཅོད་མྱོང་གི་འདུག་ཅེས་བརྗོད་ཡོད་པ་མ་ཟད། འཁྲིག་སྤྱོད་དང་འབྲེལ་བའི་མནར་གཅོད་ཀྱི་གནས་ཚུལ་མང་ཤོས་དེའི་སྐབས་སུ་བྱུང་གི་ཡོད་འདུག

14550844_245590009176395_1190047571_o
ཟླ་བ་སྔོན་མའི་ཕྱི་ཚེས་ཉེར་བདུན་ཉིན་རྒྱ་ནག་ནང་གི་རྒྱལ་སྤྱིའི་བུད་མེད་ལས་འགུལ་བས་རྒྱ་ནག་གི་མཐོ་རིམ་སློབ་མ་རྣམས་ལ་བཙན་གཡེམ་བཀག་འགོག་གི་ཟབ་སྦྱོང་སྐབས་ཀྱི་པར།

སྤྱི་ཡོངས་ནས་དྲི་ལན་འདེབས་མཁན་བརྒྱ་ཆ་༢༧.༦ གིས་ཉེས་ཅན་པ་རྣམས་སློབ་གྲོགས་དང་གྲོགས་པོ་ཡིན་པ་བརྗོད་ཡོད་འདུག་ལ། བརྒྱ་ཆ་༢༦.༩ ཡིས་དགའ་རོགས་ཁ་བྲལ་དུ་སོང་བ་རྣམས་ཡིན་པ་དང་། བརྒྱ་ཆ་༡༤.༧ གྱིས་ངོ་མི་ཤེས་མཁན་ཡིན་པ། བརྒྱ་ཆ་༡༡.༢ ཀྱིས་དྲ་ཐོག་ནས་འབྲེལ་འདྲིས་སུ་གྱུར་པ་རྣམས་ཡིན་པ། དེ་བཞིན་བརྒྱ་ཆ་༡ མ་ཟིན་ཙམ་ཞིག་གིས་དགེ་རྒན་དང་འགོ་གཙོ་རྣམས་ཡིན་པའི་ལན་འདེབས་བྱས་ཡོད་འདུག
ལན་འདེབས་བྱེད་མཁན་བུད་མེད་ཀྱི་བརྒྱ་ཆ་༢༥.༦ གིས་རང་རང་དང་འབྲེལ་འདྲིས་ཧ་ཅང་ཆེ་བའི་རོགས་པ་རྣམས་ཡིན་པ་བརྗོད་ནས་བུད་མེད་རྣམས་ལ་བཙན་ཤེད་བྱེད་མཁན་རྣམས་ཁོ་རང་ཚོ་དང་འབྲེལ་འདྲིས་ཧ་ཅང་ཆེ་བ་ཡིན་པ་དང་། བུ་བརྒྱ་ཆ་༣༨.༩ ཡིས་སློབ་གྲོགས་དང་གྲོགས་པོ་རྣམས་ཡིན་པ་བཅས་བརྗོད་ནས་ཁོང་ཚོ་ལ་བཙན་ཤེད་བྱེད་མཁན་མང་ཆེ་བ་སློབ་གྲོགས་དང་གྲོགས་པོ་ཡིན་པའི་གནས་ཚུལ་འདུག
རྒྱལ་སྤྱིའི་རྒྱ་ནག་ནང་གི་བུད་མེད་ལས་འགུལ་བའི་དོ་དམ་པ་ཇུ་ལི་ཡ་ བྷི་རོ་སར་ཌི་ཡིས་ཧོང་ཀོང་རང་དབང་གསར་ཁང་ལ་བརྗོད་དོན་དུ། ཁོང་ཚོས་རྒྱ་ནག་ནང་དེའི་སྐོར་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། ཁོང་ཚོས་རྟོག་ཞིབ་བྱས་པ་ནང་དེ་ལས་ཅུང་ཚད་མཐོ་བ་ཡིན་པའི་གནས་ཚུལ་བཤད་ཡོད་འདུག་པ་མ་ཟད། ཁོང་ཚོས་ལྟ་ཞིབ་བྱེད་སྐབས་ས་གནས་ལོགས་སུ་ཕྱེ་ནས་ལྟ་ཞིབ་བྱེད་ཀྱི་ཡོད་པ་ལས། རྒྱ་ནག་ཁྱོན་ཡོངས་སུ་གནད་དོན་དེའི་སྐོར་ལ་གནས་ཚུལ་ག་རེ་ཡོད་མེད་ལ་ལྟ་ཞིབ་བྱེད་ཀྱི་མེད་སྐོར་བརྗོད་ཡོད་འདུག དེ་བཞིན་ཁོ་མོས་བཤད་རྒྱུར། རྒྱ་ནག་ནང་འདི་འདྲའི་རིགས་ཀྱི་ལྟ་ཞིབ་སྙན་ཐོ་བྱུང་བ་དེ་མོ་རང་གིས་ཤེས་ཚོད་དུ་ཐེངས་དང་པོ་ཡིན་ཚུལ་ཡང་བརྗོད་ཡོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༧༢༢ ཀློག་གྲངས།