མདོ་སྨད་རྨ་ཆུར་བོད་དོན་ལས་འགུལ།

ང་ཚོ་ལ་རང་བཙན་དགོས། རྒྱ་མི་བོད་ནས་མཐར་སྐྲོད་བྱོས་ཞེས་འབོད་ཚིག་སྒྲོག་བཞིན་རྨ་ཆུ་རྫོང་ལ་བསྐོར་བ་བརྒྱབས་ཏེ་སྐད་འབོད་བྱས་འདུག རྗེས་སུ་དམག་མི་འབོར་ཆེན་སླེབས་སྐབས་མི་མང་ཡོངས་རྫོགས་རང་སར་བྲོས་པར་བརྟེན། འཛིན་བཟུང་གི་གནས་ཚུལ་ཅི་ཡང་བྱུང་མེད་ཚོད་འདུག
འདི་ལོ་གསུམ་བཅུའི་དུས་དྲན་ཐེངས་༥༡ པའི་ཡར་སྔོན་ནས་བཟུང་རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་རྨ་ཆུ་རྫོང་སློབ་འབྲིང་ལ་དམ་དྲག་བྱས་ཏེ་སློབ་མ་གཅིག་ཀྱང་ཕྱིར་མ་བཏང་སྟབས། ཚེས་༡༤ ཉིན་སློབ་མ་ཁག་ཅིག་ཕྱིར་ཤོར་ངོ་རྒོལ་ལས་འགུལ་སྣེ་ཁྲིད་བྱས་ཡོད་འདུག འདི་ལོའི་ཕྱི་ཟླ་༡  པོའི་ཚེས་༡༡ ཉིན་རྨ་ཆུ་རྫོང་བོད་སློབ་འབྲིང་གིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་རང་བཞིན་གྱི་ཚོགས་འདུ་བསྐོང་འཆར་བྱས་པར། རྒྱ་གཞུང་གིས་ཚོགས་འདུར་བཀག་འགོག་བྱས་ཡོད་པར་མ་ཟད། སྐབས་དེར་བོད་པ་ཤེས་ཡོན་ཅན་ཁག་ཅིག་ཀྱང་གདན་འདྲེན་ཞུས་ཡོད་པ་རེད། སྐབས་དེར་རྨ་ཆུ་རྫོང་སློབ་འབྲིང་དང་བོད་རིགས་སློབ་ཆུང་གཉིས་སྒོ་གུང་སེང་སྔ་འདོན་གྱི་མིང་ཐོག་ནས་སྒོ་རྒྱག་དགོས་བྱུང་ཡོད་པ་རེད།།

Share this:
༢༨ ཀློག་གྲངས།