བོད་མིའི་སུད་ཚོང་ཁྲོམ་ར་སྒོ་འབྱེད་བྱས་པ།

རྒྱ་གར་གྱི་ཇར་ཁན་ཀྲེ་(Jharkhand) མངའ་སྡེའི་གྲོང་ཁྱེར་ཇཱམ་ཤེ་པུར་(Jamshedpur) གྱི་ས་གནས་གྷོལ་མུ་རི་རྩེད་ཐང་དུ། བོད་མི་སུད་ཚོང་གི་ཁྲོམ་ར་སྒོ་འབྱེད་ཀྱི་མཛད་སྒོ་འཚོགས་ཡོད་འདུག

14825546_1295981750425691_217492501_nཟླ་འདིའི་ཚེས་༢༧ ཉིན་གྱི་རྒྱ་གར་བརྒྱུད་ལམ་ཨེ་ཝེ་ནིའུ་མེལ་གྱི་དྲ་ཐོག་ཏུ་གནས་ཚུལ་བཀོད་གསལ། སྒོ་འབྱེད་ཀྱི་མཛད་སྒོར་ས་གནས་དེའི་ཉེན་རྟོག་པའི་འགོ་འཛིན་དང་། སྤྱི་ཚོགས་ཞབས་ཞུ་བ། སེག་ཆོས་ལུགས་ཀྱི་ཚོགས་པ་ཞིག་གི་སྐུ་ཚབ་བཅས་མཛད་སྒོར་སླེབས་ཡོད་པ་དང་། དེ་གར་༧གོང་ས་མཆོག་སྐུ་ཚེ་བརྟན་པའི་ཞལ་འདོན་སོགས་བསྐྱོར་ཡོད་འདུག

བོད་མིའི་ཁྲོམ་རའི་འགན་འཛིན་གྱིས་ས་གནས་དེར་བོད་མིའི་སུད་ཚོང་ཁྲོམ་ར་དེ་ལོ་༣༥ ཡི་རིང་བསྟན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

གནས་ཚུལ་དེའི་ནང་ཁྲོམ་ར་དེ་ཟླ་གསུམ་རིང་སྟོན་རྒྱུ་ཡིན་པ་དང་། དེ་གར་དགུན་ཁའི་དུག་ལོག་རིན་གོང་མཚམས་པ་བཙོང་གི་ཡོད་སྐོར་བཀོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༠༦ ཀློག་གྲངས།