རྔ་པར་བོད་པའི་བུད་མེད་གཉིས་ཀྱི་ངོ་རྒོལ་ཁྲོམ་སྐོར།

བོད་པའི་བུད་མེད་གཉིས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཁྲི་ལོར་ཤོག་ཅེས་ཞི་འབོད་ཁྲོམ་སྐོར་གནང་ནས། ད་ལྟའི་ཆར་ཁོ་གཉིས་ཀྱི་གནས་སྟངས་སྐོར་ལ་གནས་ཚུལ་ཤེས་ཐུབ་ཀྱི་མེད་པ་རེད་འདུག
screen-shot-2016-11-16-at-2-20-34-pmདེ་ཡང་ཟླ་འདིའི་ཚེས་༡༥ ཉིན་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ། བོད་ཆས་གཙང་མ་གྱོན་པའི་བོད་པའི་བུད་མེད་གཉིས་ཀྱིས་༧གོང་ས་མཆོག་གི་སྐུ་དཔར་རེ་ཁྱེར་ཏེ། ཞི་འབོད་གོམ་བགྲོད་བྱེད་བཞིན་པའི་བརྙན་ཐུང་ཞིག་ཁྱབ་ཡོད་པ་རེད།
ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་ཀ་ཉག་ཚེ་རིང་ལ་ཁ་པར་བརྒྱུད་གནས་ཚུལ་དེའི་སྐོར་སྐད་ཆ་དྲིས་པར། ཁོང་གིས་བུད་མེད་དེ་གཉིས་ཀྱིས་ངོ་རྒོལ་བྱེད་ཡུལ་ནི་རྔ་བ་ཀིརྟི་དགོན་གྱི་གླིང་མདོའི་སྒོ་ཆེན་འགྲམ་དུ་ཡིན་པ་བརྙན་ཐུང་ལས་གསལ་པོ་མཐོང་ཐུབ་པ་ལས། ད་ལྟའི་ཆར་ཁོ་གཉིས་ཀྱི་མིང་དང་ས་གནས་གང་ནས་ཡིན་མིན། ཁོ་གཉིས་ཀྱི་གནས་སྟངས་སོགས་གང་ཡང་ཧ་གོ་ཐོབ་མེད་སྐོར་བརྗོད་སོང་།
བོད་མདོ་སྨད་རྔ་བ་ཀི་རྟི་ཁུལ་དུ་རང་སྲེག་རྒྱ་རྒོལ་དང་རྒྱ་གཞུང་ལ་ངོ་རྒོལ་ཞི་འབོད་གནང་མཁན་མང་པོ་བྱུང་ཡུལ་ཞིག་ཡིན་པས། རྒྱ་ནག་གཞུང་གིས་ཁུལ་དེར་སྟངས་འཛིན་དང་དམ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
Share this:
༡༤༥ ཀློག་གྲངས།