བོད་མི་ཞིག་གིས་ཨ་སྒོར་༧༠༠༠ གྱི་རོགས་དངུལ་ལེན་ཐུབ་འདུག

ཨ་རི་ནིའུ་ཡོག་ཏུ་གནས་སྡོད་བྱེད་མཁན་བོད་མི་བཀྲ་ཤིས་ཆོས་འཕེལ་གྱིས། ཁུལ་དེའི་བོད་མིའི་མང་ཚོགས་ཀྱི་ཚོགས་ཁང་བཟོ་བཅོས་ཆེད་དུ་རོགས་དངུལ་ཨ་སྒོར་༧,༠༠༠ བླངས་ཡོད་འདུག

15281986_1332116170145582_896646020_nདེ་ཡང་ཟླ་འདིའི་ཚེས་༢༩ ཉིན་གྱི་ནིའུ་ཡོག་ཆ་འཕྲིན་ཞེས་པའི་བརྒྱུད་ལམ་སྟེང་དུ། རྒྱལ་སྤྱིའི་འགྲིམ་འགྲུལ་འབྲེལ་མཐུད་ཚོང་ལས་ཁང་ཨུ་བྷེར་ཞེས་པ་དེས། ཟླ་རེར་ཨ་སྒོར་༢༠,༠༠༠ ཙམ་ཚོང་ལས་སྡེ་ཚན་དེའི་འོག་གླ་འཁོར་གཏོང་མཁན་ཚོའི། གཞན་ཕན་གྱི་ལས་འཆར་ཆེད་རོགས་དངུལ་སྤྲོད་རྒྱུའི་ལས་འཆར་གསར་པ་བཟོས་ཡོད་འདུག་པ་དང་། བཀྲ་ཤིས་ཆོས་འཕེལ་གྱིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། ཚོང་ལས་སྡེ་ཚན་དེ་ལ་ནིའུ་ཡོག་དང་ནིའི་ཇེར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་བཟོ་བཅོས་ཀྱི་ལས་འཆར་ཆེད་རོགས་དངུལ་དགོས་པའི་སྙན་ཞུ་ཕུལ་ནས། ཁོང་དང་གླ་འཁོར་གཏོང་མཁན་གཞན་གཉིས་བཅས་མི་གསུམ་ལ་ཚོང་ལས་སྡེ་ཚན་དེའི་ལས་འཆར་གྱི་དུས་ཡུན་ཟླ་དང་པོའི་རོགས་དངུལ་ཐོབ་ཡོད་འདུག་པ་དང་། ཁོང་གི་ལས་འཆར་ལ་ཨ་སྒོར་༧,༠༠༠ གྱི་རོགས་དངུལ་ཐོབ་ཡོད་པ་རེད་འདུག

ཆོས་འཕེལ་གྱིས་རོགས་དངུལ་དེ་ཐོབ་པར་བཀའ་དྲིན་ཆེན་པོ་ཚོར་གྱི་ཡོད་པ་དང་སྤོབས་པ་ཡོད་པ། ནིའུ་ཡོག་གྲོང་ཁྱེར་ནང་བོད་མི་གླ་འཁོར་གཏོང་མཁན་ཉུང་མཐར་༢༠༠ ལྷག་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༢༡ ཀློག་གྲངས།