པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་དང་བྷིན་ལ་ཌན་གཉིས་ཐུག་འཕྲད།

རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་ཁ་ཆེའི་ངོ་རྒོལ་བའི་དཔོན་རིགས་ཚོ་དང་ཐུག་འཕྲད་བྱེད་ཀྱི་ཡོད་པ་དང། དམིགས་སུ་བཀར་ནས་འཇིགས་སྐུལ་རིང་ལུགས་པ་སྐད་གྲགས་ཅན། ཨོ་སཱ་མ་བྷིན་ལ་ཌན་དང་ཐུག་འཕྲད་ཉུང་མཐར་ཐེངས་ལྔ་བྱས་ཡོད་པའི་སྐོར། པཱ་ཀི་སི་ཐན་གྱི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་ཁཱ་ཝ་ཇཱ་ཟེར་བས། བརྙན་འཕྲིན་བརྒྱུད་ནས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་པའི་སྐོར་འཁོད་ཡོད་པ་རེད།
དེ་ཡང་ཁཱ་ཝ་ཇཱ་ཟེར་བས་བརྙན་འཕྲིན་ནང་དུ། སྲིད་བློན་ཟུར་པ་ནཱ་ཝ་རྫི་མཆོག་གིས་རེ་སྐུལ་ནན་པོ་བྱས་པ་ལྟར། ངས་ཉུང་མཐའ་ལའང་ཐེངས་ལྔའི་རིང་ཁོང་དང་ཨོ་སཱ་མ་བྷིན་ལ་ཌན་གཉིས་དབར་ཐུག་འཕྲད་ཀྱི་གོ་སྒྲིག་བྱས་ཡོད་ལ། དེ་ཡང་ཨ་རབ་རྒྱལ་ཁབ་ཀྱི་མི་ཚང་ཆེན་པོ་ཞིག་གི་ནང་གོ་སྒྲིག་བྱས་པ་ཡིན། སྐབས་དེར་སྲིད་བློན་ཟུར་པ་ཁོང་གིས་བྷིན་ལ་ཌན་གྱི་འཆར་འགོད་ཡར་རྒྱས་གཏོང་ཆེད་དུ་ཡིན་ཞེས་བརྗོད་ཡོད་རུང། ཁོང་གིས་ཨོ་སཱ་མ་བྷན་ལ་ཌན་བརྒྱུད་ནས་ཧིན་སྒོར་ས་ཡ་༥༠༠ འཚོལ་སྒྲུབ་བྱས་ཡོད་པ་རེད་ཅེས་དང་། ཡང་ཁོང་གིས་མུ་མཐུད་ནས། སྔོན་དུས་པཱ་ཀི་སི་ཐན་གྱི་སྲིད་བློན་འགྲན་རྩོད་ནང་ཞུགས་མྱོང་མཁན། ལྕམ་བྷི་ན་ཛར་བྷི་ཊོས་འགོ་རྟིང་བསློགས་པ་དང་། མཐར་རང་སྲོག་ཤོར་དགོས་བྱུང་བ་དེའང་། བྷིན་ལ་ཌན་དང་སྲིད་བློན་ཟུར་པ་ཁོང་གཉིས་ཀྱི་ཐུག་འཕྲད་སྐབས་ཀྱི་གྲོས་བསྡུར་དང་འབྲེལ་བ་ཡོད་ཚུལ་བརྗོད་ཡོད་པ་དང། ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་དང་པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ནཱ་ཝ་རྫི་བཅས་ཀྱི་དབར་འབྲེལ་ལམ་ཧ་ཅང་ཆེན་པོ་ཡོད་ཚུལ་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག །

Share this:
༩༢ ཀློག་གྲངས།