༧གོང་ས་མཆོག་མཛད་སྒོར་གདན་ཞུ།

ཁ་སང་༧གོང་ས་མཆོག་གི་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་༧གོང་ས་མཆོག་རྩེད་འགྲན་དེར་ཕེབས་རྒྱུ་གཏན་ཁེལ་ཡོད་ལུགས་བརྗོད་ཡོད་པ་རེད། 
དེའི་སྐོར་ཧི་མ་ཅལ་མངའ་སྡེའི་དབྱུག་པ་སྤོ་ལོའི་རྩེད་འགྲན་ཚོགས་པའི་མགྲིན་ཚབ་པ་སན་ཇཱིས་ཤར་མཱ་ལགས་ཀྱིས་བརྗོད་པ་ལྟར་ན། རི་མོ་བྲིས་པ་ལྟར་མཛེས་པའི་དྷ་སའི་རི་གྲོང་འདིར་༧གོང་ས་མཆོག་ནི་ཆེས་མཐོ་གྲས་ཀྱི་མི་སྣ་ཞིག་ཡིན་པས། ང་ཚོས་དམིགས་བསལ་གྱིས་རི་གྲོང་འདིར་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་གཏོད་པའི་ཆེད་དུ་གདན་འདྲེན་ཞུས་པ་ཡིན་ཞེས་བརྗོད་ཡོད་པ་རེད།
གཞན་ཡང། དགུང་ལོ་༧༤ ལ་ཕེབས་པའི་བོད་ཀྱི་དབུ་ཁྲིད་ཁོང་ཞལ་རས་འཛུམ་ཤིག་ཤིག་གིས་ཆིབས་བསྒྱུར་གནང་དུས། དྷ་སའི་རི་གྲོང་འདིར་སྤྱི་ཚོགས་གཉིས་བར་གྱི་ཞི་བདེ་དང་གྲོགས་པོའི་འདུ་ཤེས་ཀྱིས་འཚོ་བའི་རེ་བའི་འོད་སྣང་སྦྱིན་པའི་རྒྱུ་མཚན་གཞན་ཞིག་ཀྱང་ཡོད་པ་རེད་ཅེས་བཀོད་འདུག །

Share this:
༧༣ ཀློག་གྲངས།