གྲྭ་པ་གཉིས་འཛིན་བཟུང་དང་བཀག་ཉར།

རང་ལོ་༢༤ ཅན་དང་གཞན་གྲྭ་པ་གཉིས་བཅས་འཛིན་བཟུང་བྱས་པ་དང། དེ་རྗེས་གྲྭ་པ་གཅིག་གློད་བཀྲོལ་བཏང་ཡོད་འདུག་ཀྱང། གྲྭ་མེ་ཕམ་དགེ་ལེགས་རང་ལོ་༢༠ ཅན་དང། ཀརྨ་དཔལ་ལྡན་གཉིས་འཇོ་མདའ་རྫོང་དུ་ཁྲིད་ནས་ཁྲོམ་སྐོར་བྱས་པས་མཚོན་སྡུག་སྦྱོང་མནར་གཅོད་བཏང་ཡོད་འདུག
མེར་བསྲེག་བཏང་བའི་རླངས་འཁོར་དེ་༢༠༠༩ ལོར་འཇོ་མདའ་རྫོང་དུ་ས་ཞིང་མ་བཏབ་པ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་སྐབས། རྒྱ་ནག་གཞུང་གིས་གློ་བུར་དུ་ཡུལ་སྡེ་སོ་སོར་རླངས་འཁོར་ཆེ་ཆུང་མང་པོ་སྤྲོད་འཆར་བྱེད་སྐབས་བོད་མི་རྣམས་ཀྱིས་མ་བླངས་པར་ལྷག་ཡོད་པ་དེ་ཚོ་ས་གནས་ལས་བྱེད་ཀྱིས་ཉར་ཡོད་པ་ཞིག་ཡིན་འདུག རླངས་འཁོར་མེ་སྲེག་གཏོང་མཁན་གྲྭ་པ་དེ་གཉིས་ཡིན་པའི་བདེན་དཔང་ཅི་ཡང་ཐོབ་སོན་བྱུང་ཡོད་མི་འདུག་ཀྱང་རྒྱ་ནག་གཞུང་གིས་ལས་བྱེད་པ་དང༌། ཉེན་རྟོག་པ། དམག་མི་བཅས་ཀྱིས་ཁོང་གཉིས་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་འདུག ད་དུང་ཆབ་མདོ་ས་ཁུལ་གྱི་རྫོང་ཁག་རྣམས་ལས་མཇོ་མདའ་རྫོང་དེ་རྒྱ་ཁབ་ཁ་བྲལ་གཏོང་མཁན་གྱི་ནག་ཉེས་ཆེ་གྲས་ཡིན་སྐོར་བགྲངས་ནས་ཉིན་རེ་ནས་ཉིན་རེ་བཞིན་དམ་དྲགས་ཆེ་རུ་གཏོང་བཞིན་ཡོད་འདུག།།གནས་ཚུལ་མཁོ་སྤྲོད་པ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་ནས་དགེ་བཤེས་སྨོན་ལམ་མཐར་ཕྱིན།

Share this:
༢༧ ཀློག་གྲངས།