བོད་རྒྱ་འབྲེལ་མོལ་སྐོར་ལ་གྲོས་བསྡུར།

ད་ཐེངས་ཀྱི་ཚོགས་འདུའི་ཐོག་འཆར་ཅན་ལྟར་བོད་རྒྱ་འབྲེལ་མོལ་ཐེངས་༩ པའི་སྐབས་ཀྱི་ཚིག་ཐོ་ཁག་ལ་བསྐྱར་ཞིབ་དང། མ་འོངས་པའི་འབྲེལ་མོལ་སྐོར་ལ་གྲ་སྒྲིག་བྱེད་རྒྱུ་གཙོ་བོ་བྱས་ནས་གྲོས་བསྡུར་བྱས་པ་རེད། དེ་དང་ཆབས་ཅིག་བར་ལམ་ནས་རྒྱ་ནག་གིས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་ཟེར་བ་དེ་འཚོགས་པ་རེད། དེ་ཕྲན་བུ་སྔར་དང་མི་འདྲ་བ་ཞིག་ཚོར། བོད་ས་ཡོངས་རྫོགས་སུ་རྩ་བའི་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུའི་ལས་གཞི་མང་པོ་རྩོམ་རྒྱུ་བང་བསྒྲིགས་འདུག དེ་ཚོར་བསྐྱར་ཞིབ་བྱས་པ་དང། དེ་བཞིན་འབྲེལ་མོལ་ཐེངས་དགུ་པའི་རྗེས་ང་ཚོར་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཁག་དང། མི་སྣ་ཁག་གིས་བསམ་ཚུལ་དང་འགྲེལ་བརྗོད་བྱུང་བ་ཁག་ལ་བསྐྱར་ཞིབ་དང་གྲོས་བསྡུར་བྱས་པ་རེད་ཅེས་གསུངས་ཡོད་པ་རེད།།

Share this:
༣༣ ཀློག་གྲངས།