སྙིང་སྟོབས་གླིང་ལོ་བཅུ་འཁོར་བ།

དབང་པོ་སྐྱོན་ཅན་རྣམས་ཀྱིས་བཟོ་སྐྲུན་བྱས་པའི་ཐོན་སྐྱེད་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་བའི་སྐབས་ཁོང་གི་གསུང་དོན།  སྙིང་སྟོབས་གླིང་གི་དབང་པོ་སྐྱོན་ཅན་རྣམས་ཀྱིས་བྲིས་པའི་དེང་དུས་རི་མོ་ཁག་ཅིག་ལ་རྒྱལ་སྤྱིའི་རི་མོའི་འགྲེམས་སྟོན་ཁག་ཅིག་ནང་ལ་བྱ་དགའ་རག་ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་།  དེ་བཞིན་ཕྱི་ལོ་༢༠༠༩ ལོར་༧གོང་ས་མཆོག་སྙིང་སྟོབས་གླིང་དུ་ཆིབས་བསྒྱུར་གནང་སྐབས་བཀའ་སློབ་གནང་དོན། ཕྱི་གསལ་ནང་གསལ་བྱེད་དགོས།  ལབ་རྒྱུ་གླེང་རྒྱུ་མེད་པ་གྱིས་གསུང་བྱུང་།  ཕྱི་གསལ་ནང་གསལ་ཞེས་པ་ནི་རྩིས་ཀྱི་ཐོག་ལ་བཀའ་གནང་གི་ཡོད་ཙང་དེ་རིང་འདིར་གསར་འགོད་པ་རྣམས་ལ་དེ་སྔོན་སྙིང་སྟོབས་གླིང་བཙུགས་ནས་ད་བར་གྱི་རྩིས་ཁྲ་ལ་རྩིས་ཞིབ་པའི་དག་མཆན་འཁོད་པའི་རྩིས་ཁྲ་ཆ་ཚང་སྐབས་དེར་འགྲེམས་སྤེལ་གནང་སོང་བ་དང་།  ལབ་རྒྱུ་གླེང་རྒྱུ་མེད་པ་ཞེས་པ་ཏོག་ཙམ་དཀའ་ལས་རེད།  འགྲམ་གྱི་ཁྱིམ་མཚེས་རྣམས་ཀྱི་ས་ཆ་ཏོག་ཙམ་ཟ་བཞིན་པ་དང་།  ས་ཆ་ཉོ་རོགས་བྱེད་མཁན་གྱིས་སྤྱོད་པ་ལོག་པ་སོགས་དཀའ་ངལ་ཆུང་ཙག་མང་པོ་འདུག་སྟེ་རིམ་བཞིན་འགྲིགས་འཇགས་ཡོང་བའི་རེ་བ་ཡོད་ཅེས་དང། དེ་སྔོན་དབང་པོ་སྐྱོན་ཅན་བདུན་ནས་འགོ་བཙུགས་ཏེ་ད་ལྟ་བར་དབང་པོ་སྐྱོན་ཅན་གྲངས་ལྔ་བཅུ་ཙམ་གསོ་སྐྱོང་བྱེད་ཐུབ་པ་བྱུང་བ་དང་།  ད་ལྟ་ཁྱོན་ལས་བྱེད་གྲངས་༡༧ ཙམ་ཡོད་ཅེས་གསུངས་སོང་།།

Share this:
༣༨ ཀློག་གྲངས།