ཁམས་སོག་རྫོང་གི་གྲོང་ཚོའི་ལྷ་ཁང་མང་པོ་རྒྱ་གཞུང་གི་གཏོར་བཤིག

རྒྱ་ནག་གཞུང་གིས་ཁམས་སོག་རྫོང་གི་གྲོང་ཚོའི་ལྷ་ཁང་མང་པོ་ཞིག་གཏོར་ནས་རྟེན་གསུམ་རྣམས་གཞུང་བཞེས་བཏང་ཡོད་པ་རེད།

དེ་ཡང་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། dfadfཟླ་༡༢ ཚེས་ཤར་ནས་གསེར་རྟ་དང་ཡ་ཆེན་ཕྱོགས་སུ་སློབ་གཉེར་ལ་འགྲོ་མཁན་སོག་རྫོང་ཁོངས་ཀྱི་གྲྭ་བཙུན་༡༠༠ ལྷག་ཙམ་གློད་གྲོལ་བཏང་ནས་སོ་སོའི་རང་ཁྱིམ་དུ་ལོགས་ཡོད་འདུག

དེ་ཡང་ཟླ་༨ པ་དང་༩ པ་ཙམ་ནས་མདོ་ཁམས་སྨད་ཕྱོགས་སུ་འགྲོ་མཁན་སློབ་གཉེར་བ་རྣམས། སོག་རྫོང་དུ་ཡར་བཀུག་སྟེ་སོག་རྫོང་གི་ཉེ་འགྲམ་ལུང་གཞིས་ཀྲང་བཙོན་ཁང་དུ་བཙོན་འཇུག་བཀག་ཉར་ཟླ་བ་༢ ལྷག་ཙམ་བྱས་ནས་བསམ་བློའི་སློབ་གསོ་སྤྲད་རྗེས་གློད་གྲོལ་བཏང་བ་རེད་འདུག

df དེ་བཞིན་ཕྱི་ཟླ་༡༠ ཙམ་ནས་རྒྱ་ནག་གཞུང་གིས་ཁམས་སོག་རྫོང་གི་གྲོང་ཚོའི་ལྷ་ཁང་མང་པོ་ཞིག་ཆོག་མཆན་མེད་པར་བསྙད་ནས། ཁྲོ་ཕུ་ཐང་གི་གྲོང་ཚོའི་ལྷ་ཁང་གི་གཙོས་གྲོང་ཚོའི་ལྷ་ཁང་མང་པོ་རྒྱ་གཞུང་གིས་གཏོར་བཤིག་བྱས་་དང་གསེར་ཟངས་ཀྱི་སྐུ་འདྲ་དང་། རྟེན་གསུམ་མཆོད་རྫས་རྣམས་གཞུང་བཞེས་བཏང་ཡོད་འདུག སོག་ཙན་དན་དགོན་པས་གཙོས་རྒྱ་གཞུང་གི་ཆོག་མཆན་ཡོད་པའི་དགོན་པ་ཁག་གཅིག་མ་གཏོགས་ཚང་མ་གཏོར་བཤིག་བྱེད་རྒྱུའི་བསྒྲགས་གཏམ་སྤེལ་ཡོད་འདུག

མ་ཟད་དེང་སྐབས་སོག་རྫོང་ཐོག་ཏུ་ཡོད་པའི་ཁང་པ་མང་པོ་གཞུང་གི་ཆོག་མཆན་མེད་པར་བསྙད་ནས་རྩ་གཏོར་གཏོང་བ་དང་། ས་ཆ་ཚང་མ་གཞུང་གི་ཡིན་པས་ཁྱོད་ཚོར་བདག་དབང་མེད་སྐོར་བཤད་ཀྱི་འདུག ས་གནས་འདིར་རྙིང་གཏོར་གསར་འཛུགས་བསྐྱར་དུ་སླེབས་པ་ལྟ་བུ་རེད་unnameddfdfdfadfaའདུག་ཅེས་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་སོང་།

སྤྱིར་སོག་རྫོང་དང་འབྲི་རུ་རྫོང་གཉིས་ཀྱི་ས་གནས་སུ་༢༠༡༣ གྱི་ལོ་མཇུག་ནས་དམ་དྲག་བྱས་ཏེ། དྲ་ལམ་ལ་སྟངས་འཛིན་ནན་པོ་བྱས་རྐྱེན། ས་གནས་སུ་བྱུང་བའི་གནས་ཚུལ་དག་དུས་ཐོག་ཕྱི་ཕྱོགས་སུ་འབྱོར་ཁག་པོ་ཆགས་ཡོད་པ་རེད།།

Share this:
༤༦༠ ཀློག་གྲངས།