རྒྱ་གཞུང་གིས་འཇོ་ཕུ་དགོན་སྒོ་བརྒྱབ་པ།

ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གིས་ལས་འགུལ་མི་ཉུང་བ་ཞིག་སྤེལ་ཏེ་སློབ་གཉེར་བ་ཚོར་སུན་བཙེར་རྒྱུན་ཆད་མེད་པ་བྱུང་བར་བརྟེན། དགོན་པའི་གྲྭ་པ་མི་ཉུང་བ་ཞིག་ལ་རྒྱ་གཞུང་གི་བཀའ་ལ་གུས་བཀུར་མེད་པའི་ཉེས་མིང་བཏགས་ནས་རྫོང་ཉེན་རྟོག་མི་སྣས་བཙོན་འཇུག་ཁྲིམས་ཆད་མུ་མཐུད་བྱས་ཡོད་པ་རེད།
ལྷག་པར་ཟླ་ཤས་སྔོན་དུ་དགོན་པའི་དབུ་འཛིན་བྱང་ཆུབ་སྤྲུལ་སྐུ་གློ་བུར་དུ་འཛིན་བཟུང་གིས་བཙོན་དུ་བཅུག་པར་བརྟེན། དགོན་པའི་གྲྭ་པ་ཁག་ཅིག་གིས་བྱང་ཆུབ་སྤྲུལ་སྐུ་ཉེས་མེད་འཛིན་བཟུང་བྱས་པར་འཕྲལ་དུ་གློད་གྲོལ་དགོས་པའི་སྐད་འབོད་བྱས་ཀྱང་མ་ཕན་པར་གྲྭ་པ་དེ་རྣམས་ཀྱང་དོ་དམ་བཙོན་འཇུག་བྱས་པ་ད་ལྟའང་གློད་གྲོལ་བཏང་མེད་པ་རེད།
འདི་ཟླའི་ཚེས་༢༨ ཉིན་བོད་ནས་ཁ་པར་འབྱོར་དོན། ད་སྐབས་འཇོ་ཕུ་དགོན་པ་ནི་རྒྱ་གཞུང་གིས་སྒོ་བརྒྱབ་ཟིན་པ་དང་། དགོན་པའི་གྲྭ་པ་ཤུལ་ལུས་རྣམས་ཀྱི་རྒན་ཤོས་སྤེ་ཚེ་ཡང་འཛིན་བཟུང་བྱས་སོང་ཟེར་བའི་གནས་ཚུལ་ཐོན་འདུག། འདིའི་སྐོར་འབྲེལ་ཡོད་ལ་སྐད་ཆ་ཞིབ་འདྲི་བྱས་སྐབས་གྲྭ་སྤེ་ཚེའི་ཉེ་འབྲེལ་མང་པོ་རྒྱ་གར་དུ་ཡོད་པས་གནས་ཚུལ་ཞིབ་ཕྲ་བཤད་ན་ཉེ་འབྲེལ་ཚོས་སེམས་ཁྲལ་ཚད་མེད་བྱ་རྒྱུར་ངེས་པས་གནས་སྐབས་འགྲེལ་བཤད་དེ་ཙམ་ལས་མེད་སྐོར་གནས་ཚུལ་མཁོ་སྤྲོད་པར་བཤད་འདུག །

Share this:
༦༧ ཀློག་གྲངས།