ས་གནས་ཁག་སུམ་ཅུ་སོ་དྲུག་ནང་ལས་འགུལ་སྤེལ་རྒྱུ་ཡིན་ཟེར།

དེ་ཡང་ཟླ་བ་སྔོན་མའི་ཚེས་༣༡ ཉིན་དབུས་བུད་མེད་ལྷན་ཚོགས་ཀྱིས། འབྱུང་འགྱུར་བཀའ་ཁྲིའི་འོས་འདེམས་སྐོར་ལ་དྷ་ས་བདེ་དོན་ཁོར་ཡུག་ཚོགས་ཁང་ནང་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༡༠ ཟླ་བ་༧ པ་ནས། ༢༠༡༡ ཟླ་བ་༦ པའི་བར་དབུས་རྒྱུན་ལས་རྣམས་ནས། རྒྱ་གར་དང་། བལ་ཡུལ་གཉིས་ཀྱི་ས་གནས་ཁག་༣༦ བཀའ་ཁྲིའི་འོས་འདེམས་དང་འབྲེལ་བའི་གོ་རྟོགས་སྤེལ་རྒྱུ་དང་། ཕྱི་རྒྱལ་དུ་བུད་མེད་རྒྱུན་ལས་ཚོས་སོ་སོའི་ཁྱབ་ཁོངས་ཀྱི་ས་གནས་ཁག་༡༦ ནང་དེ་འབྲེལ་གོ་རྟོགས་ཀྱི་ལས་གཞི་སྤེལ་རྒྱུ་་ཡིན། དེ་བཞིན་བུད་མེད་དབུས་རྒྱུན་དང་ས་གནས་ཁག་ནས་འདི་ལོའི་འཁྲུང་སྐར་དང་བསྟུན་ནས། རྒྱ་ཆེའི་མང་ཚོགས་ནས་སོ་སོའི་བཀའ་ཁྲིའི་འོས་མི་འོས་འདེམས་བྱེད་རྒྱུ་ཡིན་ཞིང། དེ་དག་ཕྱོགས་སུ་མི་ལྷུང་བའི་ཆེད་དུ་བུད་མེད་ལྷན་ཚོགས་ནས་འོས་མི་དམིགས་འཛུགས་བྱེད་རྒྱུ་མིན་ཞིང་། འོས་འཕེན་པ་རང་ཉིད་ཀྱིས་སུ་འདྲ་ཞིག་བཏོན་ཡང་ཆོག་ལ། ཟླ་བ་༧ པའི་དཀྱིལ་དུ་མཱ་ན་ལིར་ནང་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སྐབས་བཅུ་པ་འཚོགས་དུས།  བཀའ་ཁྲིའི་འོས་གཞིའི་ནང་གང་ཟག་སུ་འདྲ་ཞིག་བྱུང་ཡོད་མེད་ཁྱབ་བསྒྲགས་བྱེད་རྒྱུ་དང་། འོས་མི་དེ་དག་ནས་འོས་ཐོན་རྩེ་ཕུད་༡༠ འདེམས་སྒྲུབ་བྱས་ཏེ། བརྙན་འཕྲིན་རྒྱུད་ལམ་ནས་ཁྱབ་བསྒྲགས་བྱེད་རྒྱུ་ཡིན། འདི་ལོའི་མང་གཙོའི་དུས་ཆེན་ཐེངས་༥༠ སྐབས་ས་གནས་བྷེལ་ཀོབ་ཏུ་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་སོགས་ཀྱི་ལས་འགུལ་སྤེལ་འཆར་དང་། བཀའ་ཁྲིའི་འོས་འདེམས་སྔོན་འགྲོ་དང་དངོས་གཞི་གཉིས་ཀའི་སྐབས། འོས་འཕེན་གྱི་གྲངས་འབོར་བརྒྱ་ཆ་༧༥ བརྒལ་ཐུབ་པར་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་སོགས་ཁྱབ་བསྒྲགས་བྱས་སོང།

Share this:
༦༢ ཀློག་གྲངས།