གསེར་རྟ་རུ་བོད་མི་ཞིག་འཇུ་བཟུང་།

འཕྱར་དེ་གསེར་རྟ་རྫོང་ཐོག་ཏུ་ཞི་བའི་གྱེན་ལངས་ཀྱི་སྐད་འབོད་ངོ་རྒོལ་བྱས་ ཡོད་འདུག དེ་ཡང་ཁོང་གི་འབོད་ཚིག་གི་ནང་དོན་ནི་བོད་རང་བཙན་ཡིན་༧རྒྱལ་བ་རིན་པ་ཆེ་ མགྱོགས་ནས་མྱུར་དུ་བོད་ལ་གདན་འདྲེན་ཞུ་དགོས། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག དེ་བཞིན་ང་ཚོ་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང། ཆོས་དད་རང་དབང་སོགས་ཀྱི་ཐོབ་ཐང་དགོས་ཞེས་སྐད་འབོད་རྒྱག་སྐབས་དུས་ཚོད་སྐར་མ་ འགའ་ཤས་རྗེས་སུ་རྒྱ་ནག་གཞུང་གི་ཉེན་རྟོག་པ་བཅུ་གྲངས་ཤིག་གིས་ཡ་ང་བའི་རྡུང་ རྡེག་མནར་གཅོད་ཁྲོད་ནས་འཇུ་བཟུང་བཙོན་འཇུག་བྱས་སོང་འགྲེལ་བརྗོད་གནང་སོང། དེ་བཞིན་ཕྱི་ཟླ་གསུམ་པའི་ཚེས་༣༡ ཉིན་གསེར་རྟ་རྫོང་ཐོག་ཏུ་གྲྭ་པ་གཉིས་ཀྱི་ལག་ཏུ་བོད་ཀྱི་རྒྱལ་དར་ཐོགས་ནས་ བོད་རང་བཙན་ཡིན་༧རྒྱལ་བ་རིན་པོ་ཆེ་བོད་ལ་འདན་འདྲེན་ཞུ་དགོས། ང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ཆོས་དད་རང་དབང་དགོས་ཞེས་ཞི་ བའི་གྱེན་ལངས་ངོ་རྒོལ་སྐད་འབོད་ཀྱང་བྱས་ཡོད་འདུག འོན་ཀྱང་ད་ལྟའི་ཆར་གྲྭ་པ་གཉིས་ཀྱི་མིང་དང་ལོ་ས་ཆ་གང་ཡིན་སོགས་ཁ་གསལ་ཤེས་མ་ སོང་ཞེས་འགྲེལ་བརྗོད་གནང་སོང༌།

Share this:
༡༤ ཀློག་གྲངས།