རྒྱ་གར་ནང་མེ་འཁོར་ཁ་འཆུས་ཤོར་ནས་མི་༣༩ བསད་འདུག

ཨན་དྷ་ར་མངའ་སྡེའི་ནང་མེ་འཁོར་ཞིག་ལྕགས་ལམ་ཐོག་ནས་ཁ་འཆུས་ཤོར་ཏེ། ཉུང་མཐར་མི་༣༩ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་བཅུ་ཕྲག་མང་པོར་རྨས་སྐྱོན་ཕོག་ཡོད་འདུག

16244510_1389202324436966_2075791531_nདེ་ཡང་ཟླ་འདིའི་ཕྱི་ཚེས་༢༣ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༡ ཉིན་གྱི་ཕྱི་དྲོར་རྒྱ་གར་ཨན་དྷ་ར་མངའ་སྡེའི་ཁོངས་གཏོགས། ཝི་ཛི་ན་གྷ་རམ་རྫོང་དུ་ཡོད་པའི་ཀུ་ནེ་རུའི་མེ་འཁོར་འབབ་ཚུགས་དང་ཉེ་བའི་ས་གནས་ཤིག་ཏུ། ཇེག་དྷལ་པུར་ནས་བྷུ་བྷན་ནེ་སི་ཝར་དུ་འགྲོ་མཁན་གྱི་མེ་འཁོར་ཞིག་ལྕགས་ལམ་ཐོག་ནས་ཁ་འཆུས་ཤོར་ཏེ་ཉུང་མཐར་མི་༣༩ ཡི་ཚེ་སྲོག་ཤོར་ཡོད་པ་དང་། མི་བཅུ་ཕྲག་མང་པོར་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག མྱུར་སྐྱོབ་རུ་ཁག་གིས་རྨས་མ་རྣམས་ཉེ་འགྲམ་གྱི་སྨན་ཁང་གཉིས་ཀྱི་ནང་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག མི་མང་པོ་ཞིག་ད་དུང་ཡང་མེ་འཁོར་ཆག་གྲུམ་གྱི་གསེང་ན་འཁར་ཡོད་པ་དང་། ཉེན་སྐྱོབ་པ་རྣམས་ཀྱིས་ཚེ་སྲོག་ཤོར་བའི་གྲངས་ཀ་འཕར་སྲིད་པའི་ཉེན་བརྡ་བཏང་ཡོད་འདུགའོན་ཀྱང་། རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་མེ་འཁོར་ལྕགས་ལམ་ཐོག་ནས་ཁ་འཆུས་ཤོར་ཡོད་མེད་ད་ལྟ་གསལ་པོ་ཤེས་མི་འདུག

ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༡༡ པའི་ནང་རྒྱ་གར་ཨུ་ཏར་མངའ་སྡེའི་ནང་མེ་འཁོར་ཁ་འཆུས་ཤོར་ནས་མི་གྲངས་༡༤༠ རྐྱེན་ལམ་དུ་བཏང་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༣ ནང་རྒྱ་གར་ཨུ་ཏར་མངའ་སྡེའི་ནང་མེ་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་ལས་མི་༣༩ རྐྱེན་ལམ་དུ་ཤོར་ཡོད་པ་དང་། ༡༥༠ལ་རྨས་སྐྱོན་ཕོག་ཡོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༦༨ ཀློག་གྲངས།