ཆགས་སྤྱོད་ཀྱི་རྩེད་ཆས་རྙིང་ཤོས་གཉིས་འགྲེམས་སྟོན་བྱ་རྒྱུ།

རྒྱ་ནག་གི་ཧན་རྒྱལ་རབས་སྐབས་ཀྱི་ལིའི་རྒྱུ་ཆ་ལས་བཟོས་པའི་ཆགས་སྤྱོད་ཀྱི་རྩེད་ཆས་རྙིང་པ་གཉིས་སོགས། རྒྱལ་རབས་སྐབས་དེའི་གནའ་དུས་ཀྱི་ཅ་དངོས་མང་པོ་ཞིག་ཨ་རིར་འགྲེམས་སྟོན་བྱ་རྒྱུ་ཡིན་འདུག

16507763_1402023583154840_1800479027_nཟླ་འདིའི་ཚེས་༣ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ལོ་ངོ་༢༠༠༠ ལས་མང་བ་སོང་བའི་གནའ་མོའི་ཆགས་སྤྱོད་ཀྱི་རྩེད་ཆས་གཉིས་རྒྱ་ནག་གི་ཅང་སུ་ཞིང་ཆེན་ནས་རྙེད་སོན་བྱུང་ཡོད་པ་དང་། ཅ་དངོས་དེ་གཉིས་ནི་གནའ་སྔ་མོར་ཆགས་སྤྱོད་སྐབས་བེད་སྤྱོད་བྱས་པའི་རྩེད་ཆས་ཡིན་འདུག

ཅ་དངོས་གཅིག་ནི་ཕྱི་ལོ་༢༠༡༢ ལོར་ཧན་རྒྱལ་རབས་སྐབས་ཀྱི་ནུབ་ཕྱོགས་ས་གནས་ཀྱི་སྐུ་དྲག་ཅིག་གི་རོ་སྒམ་ནས་གནའ་དངོས་ཤུལ་རྫས་དཔྱད་རིག་པས་རྙེད་སོན་བྱུང་ནས་ཡི་ཀྲིང་འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་ནས། ད་བར་མི་མང་ལ་འགྲེམས་སྟོན་བྱས་མེད་པ་རེད་འདུག

ཅ་དངོས་གཞན་དེ་ཕྱི་ལོ་༢༠༠༩ ལོར་ཧན་རྒྱལ་རབས་སྐབས་རང་སྐྱོང་གི་ས་གནས་ཀྱི་རྒྱལ་པོ་ཞིག་གི་རོ་སྒམ་ལས་རྙེད་སོན་བྱུང་རྗེས། ནན་ཅིང་འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་ནས་བཞག་ཡོད་འདུག

16506886_1402023606488171_1631235645_nཟླ་༢ པའི་ཚེས་༡༧ ནས་ཟླ་༥ པའི་ཚེས་༢༨ བར་ཨ་རིའི་སན་ཧྥེ་རན་སི་ཁོའི་ཨེ་ཤི་ཡའི་སྒྱུ་རྩལ་འགྲེམས་སྟོན་ཁང་དུ། ཅ་དངོས་དེ་གཉིས་ཚུད་པའི་ཧན་རྒྱལ་རབས་སྐབས་ཀྱི་གནའ་ཤུལ་ཅ་དངོས་གཞན་༡༦༠ ལས་མང་བ་ཞིག རོ་སྒམ་གྱི་རྒྱུ་ནོར་ཞེས་པའི་འགྲེམས་སྟོན་ལས་རིམ་ནང་མི་མང་ལ་སྟོན་རྒྱུ་ཡིན་འདུག་པ་དང་། འགྲེམས་སྟོན་གོ་སྒྲིག་པ་ཀྲང་ཧྥེན་གྱིས། ཆགས་སྤྱོད་ཀྱི་རྩེད་ཆས་དེ་གཉིས་བེད་སྤྱོད་བྱེད་རྒྱུ་དང་། དེ་གཉིས་ཀྱིས་དེང་དུས་ཀྱི་ལུས་པོའི་དགོས་མཁོ་དང་འདོད་པ་མཐུན་གྱི་ཡོད་སྐོར་བརྗོད་འདུག

དེ་བཞིན་འགྲེམས་སྟོན་ཁང་གི་འགན་འཛིན་ཇེ་ཤུ་ཡིས་འགྲེམས་སྟོན་ལས་རིམ་དེས་མིའི་རིགས་རྣམས་དུས་ཚོད་དང་རིག་གཞུང་འདྲ་མིན་ཁྲོད། སེམས་ཚོར་སོགས་གཅིག་པ་ཡིན་པ་སྟོན་གྱི་ཡོད་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༢༠༩ ཀློག་གྲངས།