ཨོ་སི་ཊོ་ལི་ཡ་རུ་༧གོང་ས་མཆོག་གི་ཞལ་རས་ཚོན་བྲིས།

ཨོ་སི་ཊོ་ལི་ཡ་རུ་ཁང་ཆེན་ཞིག་གི་རྒྱབ་ངོས་སུ་སྒྱུ་རྩལ་བ་ཨེ་ཌི་ནེ་ཊི་ཡིས་༧གོང་ས་མཆོག་གི་ཞལ་རས་ཚོན་བྲིས་བགྱིས་ཡོད་འདུག

16558712_317956525273076_877746693_nདེ་ཡང་། ཟླ་འདིའི་ཕྱི་ཚེས་༦ ཉིན་སྲང་ལམ་སྒྱུ་རྩལ་གསར་གནས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨོ་སི་ཊོ་ལི་ཡའི་རི་མོ་སྒྱུ་རྩལ་བ་ཨེ་ཌི་ནེ་ཊི་ཡིས་༧གོང་ས་མཆོག་གི་ཞལ་རས་ཚོན་བྲིས་མ་ཞིག ཨོ་སི་ཊོ་ལི་ཡའི་མེལ་བྷོམ་གྲོང་ཁྱེར་གྱི་ཐོག་བརྩེགས་གསུམ་ཅན་གྱི་ཁང་ཆེན་ཞིག་གི་རྒྱབ་ཏུ་བྲིས་ཡོད་པ་དང་། དེའི་རྒྱུ་མཚན་ནི། ལོ་སྔོན་མར་རི་མོ་སྒྱུ་རྩལ་དེས་རྒྱ་གར་ནས་༧གོང་ས་མཆོག་ཞལ་དངོས་སུ་མཇལ་རྒྱུ་བྱུང་ཡོད་འདུག དེས་ཁོ་རང་གི་མི་ཚེར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་བྱུང་བས། གུས་བརྩི་དང་ཆེ་བསྟོད་ཀྱི་ཕྱིར་དུ་ཡིན་སྐོར་ཁོང་གིས་བརྗོད་དོན་དུ། “ཏཱ་ལའི་བླ་མ་ནི་ཞི་བདེ་དང་བྱམས་བརྩེའི་བདག་ཉིད་ཅན་ཞིག་ཡིན་པར་ང་རང་ཡིད་ཆེས་ཡོད་པས། འཛམ་གླིང་ནང་ཁོང་གི་སྐོར་ལ་ཤེས་རྟོགས་ཡོང་མཁན་གང་མང་དགོས་ཀྱི་འདུག”ཅེས་བརྗོད་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༠༨ ཀློག་གྲངས།