ཇོ་ནང་པའི་གསལ་བསྒྲགས།

༧ས་གསུམ་འགྲོ་བའི་འདྲེན་པ་ཆེན་པོ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་༧ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་སྐུ་ཚེ་མི་ཤིགས་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་རྟག་ཏུ་བརྟན་ཅིང་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་ཆེད་བྱེས་བཞུགས་དཔལ་རྒྱལ་བ་ཇོ་ནང་པ་ཡོངས་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཇོ་ནང་པ་ཡོངས་ཀྱི་ཚབ་ཞུས་ཏེ་ཕྱི་ལོ་༢༠༡༠ལོའི་ཟླ་༤བའི་ཚེས་༢༧ཉིན།  ༧གོང་ས་མཆོག་མ་སུ་རི་ནས་རྡ་སར་ཕེབས་ཏེ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ་ཐེག་ཆེན་གཙུག་ལག་ཁང་དུ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་བརྟན་བཞུགས་འབུལ་རྒྱུ་དང།  དེ་བཞིན་དུ་ཕྱི་ཚེས་༢༩ཉིན་ཇོ་ནང་བསྟན་པའི་མངའ་བདག་༸སྐྱབས་མགོན་ཁལ་ཁ་༸རྗེ་བཙུན་དམ་པར་གཟིམ་ཆུང་བརྟན་བཞུགས་འབུལ་འཆར་ལགས་ན་དེ་ལུགས་དགོངས་མངའ་ཡོད་པ་ཞུ།
ཞེས་ཇོ་ནང་བསྟན་བཞུགས་ཚོགས་ཆུང་ནས་ཕྱི་ལོ་༢༠༡༠ཟླ་༤ཚེས་༣ཉིན།

འབྲེལ་གཏུགས་ཁ་པར་ཨང་།
ཚོགས་གཙོ། 91-9816168533        
དྲུང་ཡིག  91-9805051088

Share this:
༥༢ ཀློག་གྲངས།